分享按钮

གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་8ཉིན།གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ནས་གྲོས་གཞིའི་ལས་དོན་སྒྲུབ་སྟངས་ཀྱི་ཉམས་མྱོང་ཞིབ་འཇུག་དང་སྤེལ་རེས་བྱས་ཏེ།ལྷ་སའི་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་གྲོས་གཞིའི་གལ་ཆེའི་ནུས་པ་སྔར་བས་འདོན་སྤེལ་བྱས་ཡོད།

གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུའེ་གོ་ཧུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོཊ་འདུའི་ཐོག་གྲོང་ཁྱེར་སྲིད་གྲོས་ཀྱི་འདི་ལོའི་གྲོས་གཞིའི་ལས་དོན་རྟོག་ཞིབ་དང་སློབ་སྦྱོང་བྱས་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། 《སྲིད་གྲོས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་ལག་བསྟར་ཞིབ་སྲོལ(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཞིབ་འཇུག་དང་གྲོས་བསྡུར་གནང་ནས་རྫོང(ཆུས)ཁག་གི་སྲིད་གྲོས་ཀྱིས་གྲོས་གཞི་སྒྲུབ་གཉེར་གྱི་ལས་དོན་སྤེལ་ཚུལ་ལ་དམིགས་ནས་སྤེལ་རེས་གཏམ་བཤད་གནང་བ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་གྲོས་གཞིའི་ལས་དོན་ནི་མི་དམངས་སྲིད་གྲོས་ཀྱི་ཁྱོན་ཡོངས་རང་བཞིན་དང་། ཕྱོགས་བསྡུས་རང་བཞིན། རྨང་གཞིའི་རང་བཞིན། རྒྱུན་གཏན་རང་བཞིན་བཅས་ཀྱི་ལས་དོན་ཞིག་ཡིན་པས་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་ཁྲོད་གནས་བབ་གལ་ཆེན་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190744.html 1 གྲོང་ཁྱེར་སྲིད་གྲོས་ཀྱིས་གྲོས་གཞིའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->