分享按钮

སྟོད་ལུང་བདེ་ཆེན་ཆུས་སུ་དཀར་ཆུའི་ལས་རིཊ་དར་ནས་མང་ཚོཊ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་པ།

ཉེ་བའི་ལོ་ཤས་རིང་། བོད་ལྗོངས་བོད་ཀྱི་གཡང་ནོར་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིས་དཀར་ཆུའི་ཐོན་རྫས་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལ་གཞོལ་ནས་ཚོང་གཉེར་གྱི་ཁོར་ཡུག་ལེགས་པོའི་ཁྲོད་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་པ་དེས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་རྒྱུར་དེ་བས་སྐུལ་ཁྲིད་ཐུབ་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཐོག་ཞིང་འབྲོག་ལས་ཀྱི་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་པའི་ཁར་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

བོད་ལྗོངས་བོད་ཀྱི་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་2013ལོའི་ཟླ་6པར་བཙུགས་པ་ཞིག་ཡིན་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་བཟོ་ལས་གླིང་Aཁུལ་དུ་གནས་ཤིང་། དེ་ནི་ཞིབ་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་དཀར་ཆུའི་ཐོན་རྫས་ཀྱི་ཁེ་ལས་ཤིག་རེད། ཀུང་སི་འདི་ཉིད་བཙུགས་པ་ནས་བཟུང་མི་རྩ་བར་འཛིན་པ་དང་ཡིད་རྟོན་ལས་གཏོད་ཀྱི་གཉེར་སྐྱོང་རྩ་དོན་མཐའ་འཁྱོངས་ཀྱིས་བོད་ཀྱི་སྤུས་ལེགས་དཀར་ཆུའི་ཐོན་རྫས་ཀྱི་རིགས་འབྲེལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ལས་སྣོན་ཞིབ་ཚགས། ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བཅས་བྱ་རྒྱུར་བློ་རྩེ་གཅིག་ཏུ་གཞོལ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དཀར་ཆུའི་ལས་རིགས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

ཉེ་བའི་ལོ་ཤས་རིང་ཀུང་སི་དེས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་དཀར་ཆུའི་ཐོན་རྫས་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། གསར་འགོད་པ་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། ཞོ་དང་འོ་མ། འོ་མ་སོས་པ་བཅས་རང་འགུལ་ཅན་གྱི་དཀར་ཆུའི་ཐོན་རྫས་ཀྱི་ཐོན་སྐྱེད་འཁོར་ཁང་མིག་ལམ་དུ་མངོན་པ་དང་།དེང་རབས་ཅན་གྱི་འཕྲུལ་ཆས་སྒྲིག་ཆས་ཀྱིས་འཁོར་སྐྱོད་བྱེད་པ། དེ་དག་གིས་རང་འགན་རང་འཁུར་བྱེད་པ། དེ་བཞིན་གཞོགས་འདེགས་དམ་ཟབ་བྱས་ནས་འོ་འཚག་དང་འབུ་ཕྲ་གསོད་པ་སོགས་ནས་སྣོད་ཆས་ནང་བླུགས་པའམ་བསྙལ་བའི་བར་གོ་རིམ་ལྡན་ཞིང་།

(པར་ངོས་གསུམ་པར་གཟིགས)

པར་འདི་ནི་བོད་ལྗོངས་བོད་ཀྱི་ནོར་གཡང་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ཐུམ་སྒྲིལ་འཁོར་ཁང་དུ་ལས་མི་ཚོས་དཀར་ཆུའི་ཐོན་རྫས་ལ་ཐུམ་སྒྲིལ་རྒྱག་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-10 6 6 拉萨日报藏文 c190743.html 1 སྟོད་ལུང་བདེ་ཆེན་ཆུས་སུ་དཀར་ཆུའི་ལས་རིཊ་དར་ནས་མང་ཚོཊ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་པ། /enpproperty-->