བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཆེན་པོའི་འཐབ་ཇུས་དང་། འཛད་སྤྱོད་པས་དོ་ཁུར་བྱེད་པའི་རིན་གོང་མཐོ་བའི་གསོ་རླུང་ལ་དམིགས་པ། རིན་གོང་བརྟན་པོ་ཡོང་བ་བཅས་བྱས་ཏེ་ཡུལ་སྐོར་བར་ཞབས་འདེགས་ཞུ་རྒྱུ་ཤུགས་རྒྱག་སར་བྱས་ནས་གྲོང་ཁྱེར་ཡོངས་སུ་གསོ་རླུང་ལས་རིགས་ཀྱི་རིན་གོང་ཐད་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པས་མཉམ་འགུལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་གསོ་རླུང་ལས་རིགས་ལ་འཕྲལ་སྒྲུབ་ཞིབ་བཤེར་བྱས་པས་གཉེར་སྐྱོང་ཚན་པ་136ལ་ཞིབ་བཤེར་བྱས་པ་བརྒྱུད་རིན་གོང་བརྟན་པོ་མེད་པ་དང་། ཚད་ལྡན་མེད་པ། འཇོག་གནས་གཏན་འཁེལ་མེད་པ་བཅས་ཀྱི་ཚོང་དུད་21ལ་བཅོས་སྒྲིག་ཡོ་བསྲང་བྱས་པ་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社