(པར་ངོས་དང་པོར་མཐུད)མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་གནའ་གཞུང་རིག་པའི་ཞིབ་འཇུག་གི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཤེས་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཤེས་རིག་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་དེ་ཉིན་དེར་པེ་ཅིང་དུ་འགོ་ཚུགས་པ་དང་། གཙོ་དོན་ནི་གནའ་གཞུང་ཤེས་རིག་དང་དེང་རབས་ཀྱི་འཛམ་གླིང་ཞེས་པ་དེ་ཡིན་ཞིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོའི་སློབ་གསོ་པུའུ། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ། ཀེ་རི་སེའི་རིག་གནས་པུའུ། ཀེ་རི་སེའི་ཨ་ཐེན་སི་ཚན་རིག་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་གནང་བ་ཞིག་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社