(པར་ངོས་དང་པོར་མཐུད)མཐོ་རིམ་དབར་གྱི་འགྲོ་འོང་ཟབ་མོ་མུ་མཐུད་རྒྱུན་འཁྱོངས་བྱེད་པ།རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུཊ་སྣོན་རྒྱག་པ།ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུཊ་ཆེ་རུ་གཏོང་བ་བཅས་བྱས་ནས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས།མ་ལེ་ཞི་ཡ་ཕྱོཊ་ཀྱིས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་བྱས་ཏེ་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་གདམ་ག་བྱ་རྒྱུར་ཀྲུང་གོ་ཕྱོཊ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་།ཕྱོཊ་ཡོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ།རྒྱལ་ཁབ་གཉིས་ཀྱི་གླིང་ཁུལ་གཉིས་སོགས་རྣམ་གྲངས་གཙོ་བོ་ཐུན་མོང་ཐོག་ལག་བསྟར་ཡག་པོ་བྱེད་པ།གྲངས་གཞིའི་དཔལ་འབྱོར་དང་།མི་ཐབས་རིག་ནུས།ནུས་རྒྱུ་གསར་པ་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་གཏོད་པ་བཅས་བྱས་ཏེ་དབུལ་པོ་ཉུང་གཏོང་གི་སྤེལ་རེས་མཉམ་ལས་ལམ་སྲོལ་འཛུགས་རྒྱུར་འཚོལ་ཞིབ་བྱེད་དགོས། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྟེགས་བུ་ཡག་པོ་སྤྱད་དེ་མ་ལེ་ཞི་ཡའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཀྲུང་གོར་ཁྱབ་གདལ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་མཐོ་རིམ་སློབ་གསོ་དང་།རིག་གནས། ཡུལ་སྐོར། གཞོན་ནུ།ས་གནས་སོགས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་དང་དམངས་སེམས་ཀྱི་འབྲེལ་ཐག་དམ་དུ་གཏོང་འདོད་ཡོད།ཤེས་དཔལ་སྣ་མང་མཉམ་གནས་དང་། ཞི་མཐུན་ཁོང་ཡངས་དར་སྤེལ་བཏང་སྟེ་ཞི་བདེ་དང་། མཉམ་ལས། ཁོང་ཡངས།མཉམ་འདྲེས་བཅས་ལྟེ་བར་བྱེད་པའི་ཨེ་ཤེ་ཡའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཀྲུང་ཧྭའི་ཤེས་དཔལ་དང་དབྱི་སི་ལན་གྱི་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ནི་འཕོ་འགྱུར་རྙོག་འཛིང་ཆེ་བ་དང་། ངེས་གཏན་མེད་པའི་དུས་རིམ་གསར་པར་སླེབས་ཡོད། ཨེ་ཤེ་ཡའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་དངོས་ཚན་གྱི་འཐུས་མི་གལ་ཆེན་ཡིན་པའི་ཀྲུང་གོ་དང་མ་ལེ་ཞི་ཡ་ཕྱོཊ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུཊ་དང་གཞོཊ་འདེཊ་བྱ་རྒྱུར་ཤུཊ་སྣོན་རྒྱག་པ་དང་།བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་པ།སྲུང་སྐྱོང་རིང་ལུཊ་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ།ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་འགྱུར་རྒྱུ་དར་སྤེལ་གཏོང་བ།གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས།ཀྲུང་གོ་ཕྱོཊ་ཀྱིས་མ་ལེ་ཞི་ཡས་སང་ལོར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་དང་།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་དང་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར།ས་ཁུལ་འཕེལ་རྒྱས་མཉམ་ལས་ཀྱི་གཙོ་རྒྱུན་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
ཨན་ཝར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་སོགས་ཀྱི་འདུ་ཤེས་གལ་ཆེན་བཏོན་གནང་བ་དང་ཤེས་དཔལ་མི་འདྲ་བའི་ཁོངས་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་དར་སྤེལ་བཏང་བར་མ་ཟད།“འབོ་གསེར+”མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བྱེད་པའི་ཐད་གཟིགས་རྒྱང་རིང་བའི་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་དེའི་ཐོག་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་བློ་གྲོས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོཊ་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད། མ་ལེ་ཞི་ཡ་ཕྱོཊ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་དང་གྲོས་འགོར་བསྔཊ་བརྗོད་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། མ་ལེ་ཞི་ཡ་སྲིད་གཞུང་གིས་ཀྲུང་གོ་དང་ཕྱོཊ་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་ཆ་འཕྲིན་ལག་རྩལ་དང་།གྲངས་འཛིན་དཔལ་འབྱོར།ནུས་རྒྱུ་སོཊ་ཀྱི་མཉམ་ལས་ལ་ཤུཊ་སྣོན་རྒྱག་རྒྱུ་ཡིན།མ་ལེ་ཞི་ཡ་ཕྱོཊ་ཀྱིས་དབུལ་པོ་ཉུང་གཏོང་ཁྱབ་ཁོངས་ནང་ཀྲུང་གོ་ཕྱོཊ་ལ་ཐོབ་པའི་གྲུབ་འབྲས་ལ་ཡི་རངས་བྱེད་ཀྱི་ཡོད་ལ་ཀྲུང་གོ་ཕྱོཊ་ཀྱི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།མ་ལེ་ཞི་ཡ་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་ཀྱི་འདུ་ཤེས་གཅིག་མཚུངས་དང་ལངས་ཕྱོཊ་འདྲ་པོ་ཡོད།མ་ལེ་ཞི་ཡ་ཕྱོཊ་ཀྱིས་འཐབ་ཇུས་རང་བརྟེན་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོ་ཕྱོཊ་དང་མཉམ་དུ་ཕྱོཊ་མང་མཉམ་ལས་དམ་ཟབ་བྱས་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社