(པར་ངོས་དང་པོར་མཐུད)ལག་བསྟར་གཏིང་ཟབ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས།ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་གནོད་འཚེ་སྔོན་འགོག་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་མི་དམངས་མང་ཚོཊ་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཊ་ལ་འགན་ལེན་བྱེད་དགོས།
དེ་རྗེས་འཚོཊ་པའི་བརྙན་ལམ་བཀོད་གཏོང་ཚོཊ་འདུའི་ཐོག ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། རིམ་པ་ཁག་དང་ཚན་པ་ཁག་གིས་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ཡོམ་འགོག་གེཊ་སེལ་གྱི་ལས་དོན་ཁག་གི་བསམ་བློའི་གྲ་སྒྲིག་དང་། སྟོབས་ཤུཊ་ཀྱི་གྲ་སྒྲིག དངོས་ཟོག་གི་གྲ་སྒྲིག བྱ་ཐབས་ཀྱི་གྲ་སྒྲིག་བཅས་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་དགོས་པ་དང་། ཚན་རིག་དང་མཐུན་པའི་གྲོས་མོལ་དང་ཞིབ་འཇུག་ཐག་གཅོད་བྱེད་དགོས། ཆེད་ལས་ཀྱི་སྟོབས་ཤུཊ་ཡག་པོ་སྤྱད་དེ་ཡོམ་ཚུལ་ལ་རྗེས་སྙེགས་ཀྱི་ལྟ་ཞིབ་ཚད་ལེན་དང་། སྔོན་དཔག་སྔོན་བརྡ། མཉམ་དཔྱད་མཉམ་འགོག་བཅས་ཀྱི་ལས་དོན་ལ་སྔར་བས་ཤུཊ་སྣོན་བརྒྱབ་སྟེ། ཡོམ་འགོག་གེཊ་སེལ་གྱི་ཚན་རིག་རང་བཞིན་དང་། གནད་སྨིན་རང་བཞིན། ནུས་ལྡན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནོད་འཚེ་སྔོན་འགོག་གི་ལས་དོན་ཏན་ཏིག་བསྒྲུབ་དགོས། འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་སྟོབས་ཤུཊ་འཐུས་ཚང་དུ་གཏོང་བ། འཕྲལ་སྡོམ་དངོས་ཟོག་གྲ་སྒྲིག འཕྲལ་སྡོམ་ནང་སྦྱོང་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་བཀོད་འདོམས་མ་ལག་ཐོགས་མེད་དང་། འཕྲལ་སྡོམ་བརྡ་ལན་དུས་ཐོག རྗེས་གྲབས་དངོས་ཟོག་འདང་ངེས་བཅས་ཡོང་བའི་འགན་ལེན་བྱེད་དགོས།
མང་ཚོཊ་ལ་སེམས་ཁུར་དང་དྲོད་སྐྱོད་སྦྱིན་དགོས། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་མང་ཚོཊ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཕྲད་པའི་དཀའ་གནད་དུས་ཐོག་ཏུ་གྲལ་བཤེར་དང་། དུས་ཐོག་ཏུ་ལེཊ་སྒྲིག དུས་ཐོག་ཏུ་ཐག་གཅོད་བཅས་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུཊ་ཁུར་དང་དྲོ་སྐྱིད་མང་ཚོཊ་ཀྱི་སེམས་ལ་གཏིང་ཟབ་འཇགས་ཐུབ་པར་བྱེད་དགོས། སྤྱི་ཚོཊ་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྟག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་ཐོན་སྐྱེད་བདེ་འཇཊ་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོཊ་ཀྱི་ཁྱོན་ཡོངས་རྒྱུན་མཐུད་ངང་འཆམ་མཐུན་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།
རང་སྐྱོང་ལྗོངས་ས་ཡོམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཧ་ཧུའེ་དང་། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་མིང་ཀྲེ་དང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། བློ་བསྟན་བཅས་ཞུགས་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社