分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁྲེང་ཀོན་ཆུས་སུ་གྲོང་ཁྱེར་ཞིབ་ཚཊ་ཅན་གྱི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)

ཡུལ་དངོས་སུ་བརྟག་ཞིབ་གནང་རྗེས། ཀྲའོ་ཧུའེ་ཉན་གྱིས་ཉེ་འགྲམ་གྱི་སྡེ་ཁུལ་དུ་ཡུལ་དངོས་ཀྱི་བཞུཊ་མོལ་ཚོཊ་འདུ་གཙོ་སྐྱོང་གནང་ནས་འཚོཊ་པ་དང་། བརྟག་ཞིབ་ནང་ཞུཊ་མཁན་ཚོ་སྒྲིག་འཛུཊ་བྱས་ནས་སྤེལ་རེས་དང་བགྲོ་གླེང་གནང་བ་དང་། བཅོས་སྒྲིག་ལས་དོན་ཐུན་མོང་ཐོག་བཀོད་སྒྲིག་གནང་བ་རེད། ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཁོང་གིས་བསྟན་དོན། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཊ་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་ལོ་གཅིག་ཙམ་སོང་ཡོད། གྲོང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། ཚད་མཐོའི་སྐུལ་འདེད། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་འབད་འབུངས་ཆེར་བསྐྱེད་བཅས་བྱས་པས་གྲུབ་འབྲས་དེ་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན་ཞིང་། གྲོང་ཁྱེར་གྱི་ཟང་ཟིང་ཆེ་བའི་སྣང་ཚུལ་མང་པོ་ཞིག་བཅོས་སྒྲིག་ནུས་ལྡན་བྱས་བྱས་ཡོད་མོད། ས་ཁོངས་དང་ལམ་དུམ་ཁག་ཅིག་ཏུ་བཅོས་སྒྲིག་ཡང་ཡང་བྱེད་པའི་སྣང་ཚུལ་སྔར་བཞིན་གནས་པ་དང་། གཏན་ལ་ཕབ་པའི་ཚད་གཞི་དང་རྒྱུན་རྣམ་ལམ་སྲོལ་ལག་བསྟར་བྱས་པ་དེ་ཙམ་ཏན་ཏིག་བྱུང་མེད་པས། གྲོང་ཨུད་ཀྱི་བླང་བྱ་དང་མང་ཚོཊ་ཀྱི་རེ་སྒུག་དབར་ད་དུང་ཁྱད་པར་འདུག ཀྲའོ་ཧུའེ་ཉན་གྱིས་ནན་གསུངས་གནང་དོན། རིམ་པ་ཁག་དང་ཚན་པ་ཁག་གིས་ཚུཊ་གནས་སྔར་བས་མཐོ་རུ་གཏོང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་དང་། རྒྱ་ཆེའི་གྲོང་མི་མང་ཚོཊ་ཀྱིས་དོ་ཁུར་བྱེད་ཞིང་གླེང་མང་བའི་གནད་དོན་ལ་དམིཊ་པ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་ཁོངས་གཏོགས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ། ཁྱབ་ཁོངས་ཁག་གི་དམིཊ་ཚད་བླང་བྱ་ལག་བསྟར་ཏན་ཏིག་བྱེད་པ། རང་འགུལ་ངང་གནད་དོན་ཤེས་རྟོགས་དང་། བྱ་ཐབས་ཞིབ་འཇུག་བྱེད་པ། གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བཅས་ཀྱི་ཐོག་ནས་གཙོ་གནད་བཅོས་སྒྲིག་བྱེད་པ་ནས་ཁྱབ་ཁོངས་ཡོངས་ཚད་ལྡན་དུ་གཏོང་བ་དང་། གཅིག་སྡུད་བཅོས་སྒྲིག་བྱེད་པ་ནས་གནད་དོན་གྱི་འབྱུང་ཁུངས་བཅོས་སྒྲིག་བྱེད་པའི་ཕྱོཊ་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཚད་གཞི་སྔར་བས་ནན་དུ་བཏང་ནས་པར་འགྲེམས་ལག་བསྟར་བྱས་པའི《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཚད་གཞི》གཞིར་བཟུང་ནས་བཅོས་སྒྲིག་ནན་པོ་བྱེད་དགོས་པར་མ་ཟད། ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོཊ་བསྡོམས་དང་། ཡུལ་བབ་དང་བསྟུན་ཏེ་ཞིབ་སྲོལ་འཐུས་ཚང་དུ་གཏོང་བ། དོ་དམ་བྱ་ཡུལ་གྱི་དྲིལ་བསྒྲགས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལས་དོན་ཚང་མར་དམ་འཛིན་དང་སྤུས་དག་ཐོན་ཐུབ་པར་བྱེད་དགོས། མཉམ་འགུལ་ལ་སྔར་བས་ཤུཊ་སྣོན་རྒྱག་པ་དང་། གྲོང་ཁྱེར་འཆར་འགོད་དང་། འཛུཊ་སྐྲུན། དོ་དམ་བཅས་ཀྱི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞུང་ཕྱོཊ་ནས་དྲ་མིག་ཅན་དང་། སྤྱི་ཚོཊ་ལས་དོན་པ། གཞི་རིམ་ཉེན་རྟོག་ལས་དོན་ས་ཚིཊ་སོཊ་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྔར་བས་མཐོང་ཆེན་བྱེད་པ་དང་། འཕྲེད་ཕྱོཊ་ནས་ཚན་པའི་དབར་གྱི་རོགས་ལས་ལ་སྔར་བས་མཐོང་ཆེན་དང་། མཐུན་སྦྱོར་ནུས་ལྡན། གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

གྲོང་སྤྱི་གཞོན་པ་པ་སངས་རྡོ་རྗེ་དང་། ཀའོ་ཅུན། གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་ཧོའུ་ཅིང་ཧྭ་བཅས་བརྟག་ཞིབ་དང་ཚོཊ་འདུར་ལྷན་དུ་ཕེབས་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190680.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁྲེང་ཀོན་ཆུས་སུ་གྲོང་ཁྱེར་ཞིབ་ཚཊ་ཅན་གྱི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->