分享按钮

(པར་ངོས་དང་པོར་མཐུད)བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དང་ཏང་ལ་བཅངས་པའི་ལྷག་བསམ་རྣམ་དག་མཚོན་པར་བྱས་ཡོད།

ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་རིང་། ཀྲའོ་ཀྲི་ཙན་གྱིས་སྔ་རྗེས་སུ་ས་ཁང་བདག་ཁོངས་ཁྲོམ་ར་ཁོའོ་དང་། སྡོད་ཁང་དོ་དམ་ཅུས། སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སོགས་གཙོ་གནད་ལས་དོན་གྱི་ལས་བགོས་འགན་འཁུར་གནང་གི་ཡོད། ཁོང་གིས་དཀའ་ངལ་ལ་མི་འཛེམ་པར་རང་འཁྲིའི་ལས་ཀ་ཧུར་ཐག་བསྒྲུབས་ཏེ། བོད་སྐྱོར་ལས་བྱེད་པའི་ཟམ་པ་དང་། སྦྲེལ་ཐག མིག་དཔེ་བཅས་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེཊ་བྱས་པར་བརྟེན་ཀུན་གྱི་གདེང་འཇོག་ཡག་པོ་ཐོབ་ཡོད། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུཊ་སྐྲུན་ཅུས་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་བཀྲ་ཤིས་ཟླ་བས། ཀྲའོ་ཀྲི་ཙན་ནི་འགོ་ཁྲིད་ཡིན་ལ་གྲོགས་པོའང་ཡིན། ཁོང་དང་མཉམ་དུ་ལས་ཀ་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་། མྱོང་ཚོར་ཟབ་ཤོས་ནི་ཁོང་ལས་ཀར་ཧ་ཅང་དགའ་བ་དང་ཞིབ་ཕྲའི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ་ཆེན་པོ་ལྡན་པས། པེ་ཅིང་གི་ལས་ཀའི་ཉམས་མྱོང་དང་བྱ་ཐབས་ཡག་པོ་ཁག་ཅིག་ང་ཚོར་དུས་ཐོག་ཏུ་མཉམ་སྤྱོད་གནང་ཡོད། ང་ཚོའི་ལས་ཀའི་བྱེད་ཕྱོགས་རྒྱ་ཆེ་རུ་ཕྱིན་ནས་ཕན་ཐོགས་ཆེན་པོ་འདུག་ཡོད་ཅེས་བཤད།

ལོ་གཉིས་རིང་། ཀྲའོ་ཀྲི་ཙན་གྱིས་འབྲེལ་ཡོད་ཁོའོ་ཧྲིའི་སྣེ་འཁྲིད་དེ《ལྷ་ས་གྲོང་ཁྱེར་གྱི་སྡེ་ལས་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་བརྒྱབ་པ་དང་།《ལྷ་ས་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞིའི”སྡོད་ཁང་འཕེལ་རྒྱས་འཆར་འགོད》དང་། 《ཁུལ་ཆུང་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ཆེད་དོན་འཆར་འགོད》བཟོས་ཤིང་། ས་ཁང་བདག་ཁོངས་ཀྱི་ཟླ་འཁོར་དང་དུས་ཚིགས་ཀྱི་དབྱེ་ཞིབ་སྙན་ཞུའི་ལམ་ལུགས་བཟོས་ནས་དུས་མཇུག་གི་གསར་གཏོད་རང་བཞིན་གྱི་སྡོད་ཁང་འཛུཊ་སྐྲུན་ལས་དོན་སྤེལ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

བཅར་འདྲི་བྱེད་རིང་། ཀྲའོ་ཀྲི་ཙན་གྱིས་ལོ་གཉིས་རིང་གི་བོད་སྐྱོར་འཚོ་བའི་ནང་ས་མཐོའི་གསོ་རླུང་དཀོན་པའི་དབང་གིས་མཚན་མོ་རྟག་ཏུ་གཉིད་ཁུག་དཀའ་བའི་གནས་ཚུལ་གླེང་ཡོད། འོན་ཀྱང་ཁོང་གིས་ས་གནས་འདི་གའི་ལས་བྱེད་པའི་གནས་གཅེས་ལས་བརྩོན་དང་སྒེར་སེམས་མེད་པར་ལེཊ་སྐྱེས་འབུལ་བའི་བླ་ན་མེད་པའི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ལ་སྐུལ་ལྕག་བཏང་ཡོད། ཁོང་གིས། ས་གནས་འདི་གའི་ལས་བྱེད་པས་ས་མཐོར་ཚེ་གང་ལེཊ་སྐྱེས་འབུལ་ཐུབ་ཀྱི་ཡོད་མོད། འོན་ཀྱང་། ང་ཚོར་དུས་ཐུང་ལོ་གསུམ་ལས་མེད་པས། ང་ཚོར་སྡུག་ཡུས་ཤོད་པའི་ཐོབ་ཐང་རྩ་བ་ནས་མེད་ཅེས་བཤད།

ལྷ་སར་སླེབས་རྗེས་ཀྲའོ་ཀྲི་ཙན་གྱིས་སེམས་ཁྲལ་ཆེ་ཤོས་བྱེད་པ་ནི་བུའི་སློབ་གསོའི་གནད་དོན་དེ་ཡིན། 2022ལོའི་ཟླ་7པ་ནས་ད་བར་ཀྲའོ་ཀྲི་ཙན་གྱིས་ནང་མིར་ཡི་གེ་ཐེངས་13བསྐུར་ཞིང་། ཡི་གེའི་ཐོག་ནས་ཨ་ཕའི་བྱམས་བརྩེ་དང་ཐུགས་ཁུར་བརྒྱུད་སྤྲོད་བྱས་ཡོད། འཕྲིན་ཡིག་དེ་དག་ཕ་བུ་དབར་འབྲེལ་གཏུགས་བྱེད་པའི་སྦྲེལ་ཟམ་ལྟ་བུར་གྱུར་པར་མ་ཟད། ཀྲའོ་ཀྲི་ཙན་གྱིས་བོད་སྐྱོར་ལས་དོན་སྤེལ་རིང་གི་བསམ་པའི་རྟེན་ས་དང་སྒུལ་ཤུགས་ཀྱི་འབྱུང་རྩར་ཡང་གྱུར་ཡོད།

ཀྲའོ་ཀྲི་ཙན་གྱིས། སྐབས་དེ་དུས་ལྷ་སར་བོད་སྐྱོར་བྱེད་པར་འགྲོ་རྒྱུའི་ཐག་བཅད་པའི་སྐབས་སུ་ཕྲུ་གུ་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོར་སླེབས་མ་ཐག་ཡིན་པ་དང་། བཟའ་ཟླའང་ཁྱིམ་དང་བར་ཐག་སྤྱི་ལེ་60ལྷག་ཙམ་ཡོད་པའི་སར་ལས་ཀ་བྱེད་ཀྱི་ཡོད། ལྷག་པར་དུ་ལང་ཚོའི་དུས་ཀྱི་ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པའི་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་ལྷ་སར་སླེབས་རྗེས་ངས་ཟླ་ཕྱེད་རེར་ཕྲུ་གུར་ཡི་གེ་བྲིས་ནས་རང་ཉིད་ཐོག་མཐའ་བར་གསུམ་དུ་ཕྲུ་གུའི་འགྲམ་དུ་ཡོད་པའི་ཚོར་སྣང་ཡོང་ཐབས་བྱས་ཡོད་ཅེས་བཤད།

ད་ཆ། ཀྲའོ་ཀྲི་ཙན་ལྷ་སའི་ཞིང་ས་གཤིན་པོ་དེའི་ཐོག་འཚོ་བར་རོལ་ནས་ལོ་གཉིས་ཙམ་སོང་ཞིང་། ཁོང་དང་ས་གནས་དེ་གའི་ལས་བྱེད་པས་ལག་གདང་དཔུང་སྦྲེལ་གྱིས་ལས་འགན་ཁག་ལེཊ་སྒྲུབ་བྱས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་སྐྱོར་ལས་བྱེད་པའི་ཉམས་འགྱུར་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད། ཀྲའོ་ཀྲི་ཙན་གྱིས། སླད་ཕྱིན་མུ་མཐུད་ནས་བོད་སྐྱོར་གྱི་ལས་གནས་བརྟན་པོར་བསྲུངས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་འཛུཊ་སྐྲུན་བྱ་གཞག་དང་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

ཀྲའོ་ཀྲི་ཙན་གྱིས། ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་ལྷ་སའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཡིན་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190679.html 1 /enpproperty-->