分享按钮

ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ངལ་ནུས་སྤུས་རྟགས(ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས)འགྲེམས་སྟོན་སྤེལ་རེས་འདུ་ཚོགས་འགོ་ཚུགས་པ།

ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ངལ་ནུས་སྤུས་རྟགས(ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས)འགྲེམས་སྟོན་སྤེལ་རེས་འདུ་ཚོགས་འགོ་ཚུགས་པ།

(པར་ངོས་དང་པོར་མཐུད)གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོཊ་ཀྱི་ཀྲུའུ་ཞི་སུང་ལིའུ་ཀྲུའུ་སོགས་དབུ་ཁྲིད་འགོ་ཚུགས་མཛད་སྒོར་ཕེབས་ཡོད།

ཝང་མིང་ཀྲེས།ལས་རིཊ་ཁག་གི་ངལ་རྩོལ་པ་དང་ཐོན་ལས་བཟོ་པའི་ལས་རིཊ་རྩལ་ནུས་གསོ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་ལས་རིཊ་རྩལ་ནུས་འགྲན་བསྡུར་བྱ་རྒྱུ་ནི་ཏང་གི་ཚོཊ་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོཊ་ཐེངས་དྲུག་པའི་དགོངས་དོན། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོཊ་ཐེངས་བརྒྱད་པའི་དགོངས་དོན། རྩལ་ནུས་ཤེས་ལྡན་པའི་ལས་དོན་དང་ལས་རིཊ་རྩལ་ནུས་འགྲན་བསྡུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག ཐོན་ལས་བཟོ་པའི་ཕྱོགས་བསྡུས་བྱང་ཚད་དང་ལས་རིཊ་ཁག་གི་ངལ་རྩོལ་པའི་ཆེད་ལས་རྩལ་ནུས་མཐོ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག རྒྱ་ཆེའི་ཐོན་ལས་བཟོ་པའི་བདག་པོའི་གནས་བབ་འགན་ལེན་དང་། ཐོན་ལས་བཟོ་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བཅས་བྱེད་པའི་ཐབས་ལམ་ནུས་ལྡན་པ་ཞིག་བཅས་རེད། དེ་བས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དང་དེ་བས་འཚམ་མཐུན་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཞིག་ཡིན།རང་གྲོང་གི་རྩལ་ནུས་ཤེས་ལྡན་པ་དང་ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད། གཏོང་བ།ཕྱོགས་ཡོངས་ནས་སྤྱི་ཚོཊ་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

ཝང་མིང་ཀྲེས།ལས་རིཊ་རྩལ་ནུས་ཤེས་ལྡན་པ་དང་ཐོན་ལས་བཟོ་པ་ནི་དེང་རབས་ཐོན་ལས་འཕེལ་རྒྱས་ཀྱི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པ་དང་། འགྲན་ཞུགས་བདམས་ཐོན་པ་ཚང་མ་ཁྱབ་ཁོངས་ཁག་གི་ཕུལ་བྱུང་མི་སྣ་ཤ་སྟག་ཞིག་ཡིན། ད་ཐེངས་ཀྱི་འགྲན་བསྡུར་ནི་ཁོང་ཚོའི་རྩེར་སོན་གྱི་ལག་རྩལ་ངོམ་སའི་གར་སྟེགས་ཤིག་དང་། དུས་རབས་གསར་པའི་བཟོ་བོའི་སྙིང་རུས་ལག་ལེན་བསྟར་མཁན། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གདོང་ལེན་སྟོབས་ཤུགས་བཅས་ཡིན། འགྲན་ཞུགས་བདམས་ཐོན་པ་ཡོངས་ཀྱིས་འབད་འབུངས་ཀྱི་སྙིང་སྟོབས་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐོག་ནས་སེམས་ནུས་ཡོད་རྒུས་འགྲན་བསྡུར་ནང་ཞུགས་ཏེ་ཉམས་འགྱུར་མངོན་པ་དང་ཆུ་ཚད་མངོན་ཐུབ་པར་བྱས་ནས་ཕན་ཚུན་སློབ་སྦྱོང་དང་རྩལ་ནུས་འགྲན་བསྡུར་བྱས་ཏེ།དུས་རབས་གསར་པའི་རང་གྲོང་གི་རྩལ་ནུས་ཤེས་ལྡན་པའི་བྱང་ཆུབ་པའི་རྩལ་ནུས་དང་བསམ་པའི་ཉམས་འགྱུར་གང་ལེགས་མངོན་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཚོཊ་ཞུགས་འགོ་ཁྲིད་ངལ་ནུས་སྤུས་རྟགས་དང་ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས་འགྲེམས་སྟེགས་སུ་ལྟ་སྐོར་དུ་ཕེབས་ནས་ཁེ་ལས་ཀྱི་གསར་གཏོད་ལས་གཏོད་ཀྱི་འབྲེལ་ཡོད་གནས་ཚུལ་ལ་བཀའ་འདྲི་དང་མཁྱེན་རྟོགས་གནང་བ་དང་འབྲེལ་རྣམ་གྲངས་ཁག་གི་འགྲན་བསྡུར་བྱ་ཡུལ་དུ་འགྲན་བསྡུར་ལ་གཟིགས་སྦྱོང་གནང་བ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190678.html 1 ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ངལ་ནུས་སྤུས་རྟགས(ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས)འགྲེམས་སྟོན་སྤེལ་རེས་འདུ་ཚོགས་འགོ་ཚུགས་པ། /enpproperty-->