分享按钮

ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་སྲིད་བློན་ཨན་ཝར་དང་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་མ་ལེ་ཞི་ཡའི་སྲིད་བློན་ཨན་ཝར་དང་མཇལ་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ནི་མཚོ་ཁའི་གཡས་གཡོན་དུ་གནས་པའི་ཁྱིམ་མཚེས་ཡག་པོ་ཞིག་ཡིན་པར་མ་ཟད།བློ་སེམས་གཅིག་མཐུན་གྱི་གྲོགས་པོ་ཡག་པོ་ཞིག་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་རོགས་ཟླ་ཡག་པོ་ཞིག་ཀྱང་ཡིན།ན་ནིང་ཟླ་གསུམ་པར་ཁྱེད་ནས་སྲིད་བློན་གྱི་འགན་འཁུར་རྗེས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་གནང་སྐབས་ང་ཚོས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་ཕྱོགས་གཉིས་པོས་རིམ་པ་ཁག་དབར་འགྲོ་འོང་དང་མཉམ་འགུལ་དམ་ཟབ་རྒྱུན་འཁྱོངས་བྱས་པ་དང་སྤུས་ཚད་མཐོན་པོའི་སྒོ་ནས་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།མིག་སྔར་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོ་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་ལོ་གོ་སྐབས་སུ་བརྩིས་ནས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་གཏོད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་རང་སོ་སོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་ས་ཁུལ་དར་རྒྱས་དང་བརྟན་ལྷིང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

ཟླ་11ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་མ་ལེ་ཞི་ཡའི་སྲིད་བློན་ཨན་ཝར་དང་མཇལ་འཕྲད་གནང་བ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190671.html 1 ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་སྲིད་བློན་ཨན་ཝར་དང་མཇལ་འཕྲད་གནང་བ། /enpproperty-->