ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གནའ་གཞུང་རིག་པའི་ཚོཊ་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་དོན། གནའ་བོའི་ཤེས་རིག་གི་སྐར་ཚོགས་འོད་དུ་འཚེར་ཞིང་། དེས་མི་རབས་རྗེས་མར་རྒྱུན་ཆད་མེད་པར་འཚོ་བཅུད་སྦྱིན་ཞིང་བློ་སྒོ་འབྱེད་བཞིན་ཡོད། ལོ་ངོ་ཉིས་སྟོང་ལྷག་གི་གོང་ལ། ཀྲུང་གོ་དང་ཀེ་རི་སེའི་ཤེས་རིག་ཆེན་པོ་གཉིས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་སྣེ་གཉིས་སུ་འོད་དུ་འཚེར་ནས་མིའི་རིགས་ཀྱི་ཤེས་རིག་འཕེལ་འགྱུར་ལ་རྨང་གཞིའི་རང་བཞིན་གྱི་མཛད་རྗེས་བཞག་ཡོད། ཀྲུང་ཀེ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གནའ་གཞུང་རིག་པའི་ཚོགས་ཆེན་སྐབས་དང་པོ་ཐུན་མོང་ཐོག་འཚོགས་ནས། ཨ་ཐེན་སི་རུ་ཀྲུང་གོའི་གནའ་བོའི་ཤེས་རིག་ཞིབ་འཇུག་ཁང་བཙུགས་ཏེ་ཀྲུང་གོ་དང་ཀེ་རི་སེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་ཤེས་རིག་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་སྟེགས་བུ་གསར་པ་ཞིག་བཏོད་ཡོད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོས་ཤེས་རིག་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཧུར་ཐག་གཞོལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ཤེས་རིག་ཐད་གླེང་མོལ་བྱེད་པར་སྐུལ་འདེད་གཏོང་བ། ཤེས་རིག་མི་འདྲ་བའི་ཁྲོད་ནས་བློ་གྲོས་འཚོལ་བ་དང་འཚོ་བཅུད་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བཅས་བྱས་ཏེ། ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་རིག་གི་གྲོས་འགོ་ལག་ལེན་དུ་བསྟར་ནས་མིའི་རིགས་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་སྣ་ཚོགས་ལག་གདང་སྦྲེལ་ནས་ཐག་གཅོད་བྱས་ཏེ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社