ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་11ཚེས་7ཉིན་ཐང་ནཱ་ཏེ་ཐེ་རོན་ཕུ་ལ་གློག་འཕྲིན་བཏང་གནང་ནས་ཁོང་ཨ་རིའི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིས་མཉམ་ལས་བྱས་ན་གཉིས་ཀར་ཕན་པ་དང་འཐབ་རྩོད་བྱས་ན་གཉིས་ཀར་གནོད་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་སྟོན་བྱས་ཡོད། བརྟན་པོ་དང་སྐྱོན་བྲལ། རྒྱུན་མཐུད་རུང་བའི་གོང་འཕེལ་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཐུན་ཡོད་པས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་།ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཐོག སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ། གཉིས་ཕན་མཉམ་ལས་རྒྱ་ཆེར་སྤེལ་བ་བཅས་བྱས་ཏེ། དུས་སྐབས་གསར་པའི་ཀྲུང་གོ་དང་ཨ་རིའི་ཡང་དག་པའི་མཉམ་གནས་འགྲོ་ལམ་ཐོག་བསྐྱོད་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།
དེ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཀྲན་མུའུ་སི་ཝན་སིར་གློག་འཕྲིན་བཏང་གནང་ནས་ ཁོང་ཨ་རིའི་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社