分享按钮

ཤའོ་ཡིའུ་ཚའེ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ཡོམ་འགོག་གེཊ་སེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

པར་འདི་ནི་ཤའོ་ཡིའུ་ཚའེ་ས་ཡོམ་རྒྱག་སའི་ས་ཆ་གཙོ་བོ་སྟེ་རུ་ཐོག་ཤང་ལྷ་ལུང་གྲོང་ཚོར་ཕེབས་ནས་གནོད་འཚེའི་གནས་ཚུལ་ལ་བརྟག་ཞིབ་གནང་བཞིན་པའི་གནས་ཚུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་7ཉིན་གྱི་ཆུ་ཚོད་4དང་སྐར་མ་19ཡི་ཐོག ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ(བྱང་གི་འཕྲེད་ཐིག་ཏུའུ་29.85དང་། ཤར་གྱི་གཞུང་ཐིག་ཏུའུ་92.25)ས་ཡོམ་རིམ་པ་4.5བརྒྱབ་པ་རེད།ཚེས་7ཉིན་གྱི་ཞོགས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ས་ཡོམ་རྒྱག་སའི་ས་ཆ་གཙོ་བོ་སྟེ་རུ་ཐོག་ཤང་ལྷ་ལུང་གྲོང་ཚོར་ཕེབས་ནས་གནོད་འཚེའི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ས་ཡོམ་རྒྱག་སའི་འབྲོག་པ་མང་ཚོགས་ལ་གཟིགས་སྐོར་འཚམས་འདྲི་གནང་བ་དང་། སློབ་གྲྭར་ཕེབས་ནས་སློབ་ཁྲིད་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བར་མ་ཟད། རྗེས་མའི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་བཀོད་སྒྲིག་ཀྱང་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་དང་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། རྒུད་སྐྱོབ་བཅས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190669.html 1 ཤའོ་ཡིའུ་ཚའེ་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ཡོམ་འགོག་གེཊ་སེལ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->