ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རྒྱ་ཆེའི་ངལ་རྩོལ་པ་དང་ཐོན་ལས་བཟོ་པས་ལག་རྩལ་ལ་བརྩོན་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱངས་ཏེ།ལག་རྩལ་དང་རྩལ་ནུས་ཀྱི་ཤེས་ལྡན་པ་འབོར་ཆེན་ཞིག་མགྱོགས་མྱུར་གསོ་སྐྱོང་བྱ་ཆེད། ཟླ་11ཚེས་7ཉིན་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ངལ་ནུས་སྤུས་རྟགས(ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས)འགྲེམས་སྟོན་སྤེལ་རེས་འདུ་ཚོགས་དེ་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་ལས་རིགས་རྩལ་ནུས་དངོས་སྦྱོང་ལྟེ་གནས་སུ་འགོ་ཚུགས་པ་རེད།
གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེས་ཤིས་ཚིག་གསུངས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོ་དང་ངལ་ནུས་སྤུས་རྟགས(ཁེ་ལས་ཀྱི་གསར་གཏོད་གྲུབ་འབྲས)འགྲེམས་སྟོན་སྤེལ་རེས་འདུ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ཁྲེན་ཁོ་ཡུས་དང་། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་སྒྲོལ་དཀར། རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལྟེ་གནས་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཧོང་ཧྲེ་ཧུང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社