分享按钮

གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁྲེང་ཀོན་ཆུས་སུ་གྲོང་ཁྱེར་ཞིབ་ཚཊ་ཅན་གྱི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་ཕྱི་དྲོ། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་དེ་ཁྲེང་ཀོན་ཆུས་མཁར་རྔ་གདོང་ལམ་དང་གཡུ་ཐོག་ལམ་སོགས་སུ་ཕེབས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིཊ་ནས་གྲོང་ཁྱེར་དོ་དམ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ལྷག་པའི་གནད་དོན་ལ་ཡུལ་དངོས་སུ་དབྱེ་ཞིབ་དང་། བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་དང་མཛུབ་ཁྲིད་གནང་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཁྲེང་ཀོན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཞུས་ཧའེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད།

བརྟག་ཞིབ་གནང་རིང་། ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཆེན་པོ་བརྒྱད་ཀྱི་ཆེད་དོན་ཚོགས་ཆུང་དང་། གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ། ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་ཀྱི་སྣེ་ཁྲིད་དེ་སྲང་ལམ་ཆེ་ཆུང་གང་སར་ཕེབས་ཏེ། གྲོང་ཁྱེར་གྱི་སྒྲིག་ཆས་དང་། འགྲོ་ལམ་འགྲིམ་འགྲུལ། ཁོར་ཡུག་འཕྲོད་བསྟེན། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར། ཚོང་ཁང་གཉེར་སྐྱོང་སོགས་ཀྱི་འཛུགས་སྐྲུན་དང་དོ་དམ་གྱི་གནས་ཚུལ་ལ་འགྲོ་ཞོར་དུ་མཁྱེན་རྟོཊ་གནང་བ་དང་། ལྷག་པའི་གནད་དོན་རེ་རེ་བཞིན་ཐོ་འགོད་བྱས་ཏེ་བཅོས་སྒྲིག་དོན་ཚན་གྱི་གསལ་ཐོ་བཟོས་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-09 6 6 拉萨日报藏文 c190667.html 1 གྲོང་ཁྱེར་གྱི་འགོ་ཁྲིད་ཀྱིས་ཁྲེང་ཀོན་ཆུས་སུ་གྲོང་ཁྱེར་ཞིབ་ཚཊ་ཅན་གྱི་དོ་དམ་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->