分享按钮

ནན་ཅིང་གྲོང་ཁྱེར་ཀུའུ་ལུའུ་ཆུས་དང་མལ་གྲོ་གུང་དཀར་རྫོང་དབར་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་།ཤར་ནུབ་རྒྱུད་ཀྱི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཉེ་ཆར་ནན་ཅིང་གྲོང་ཁྱེར་ཀུའུ་ལུའུ་ཆུས་ཨུད་དྲིལ་བསྒྲགས་པུའུ་དང་མལ་གྲོ་གུང་དཀར་རྫོང་ཨུད་དྲིལ་བསྒྲགས་པུའུ་དབར་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།

གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་དང་ཐུན་མོང་འཕེལ་རྒྱས་ཀྱི་རྩ་དོན་ལ་གཞིགས་ཏེ།ལག་རྩལ་གསར་གཏོད་དང་། ནང་དོན་ཐོན་སྐྱེད། གཉེར་སྐྱོང་དོ་དམ་སོགས་ཐད་ཀྱི་ཀུའུ་ལུའུ་ཆུས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་མལ་གྲོ་གུང་དཀར་རྫོང་དང་མཉམ་ལས་གཏིང་ཟབ་བྱས་ནས།ས་ཁོངས་ཁག་དང་།

མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་ཁུངས་ཁག ཐོན་སྐྱེད་རྒྱུ་རྐྱེན་ཁག་བཅས་མཐུན་སྦྱོར་གཞོགས་འདེགས་དང་ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་། བརྒྱུད་སྤེལ་བྱེད་ཐབས། གཙོ་དོན་དྲིལ་བསྒྲགས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་འདྲེས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་གྱི་ནུས་པ་དང་། ཁྲིད་སྟོན་གྱི་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཀུན་གྱི་ཡིད་ཆེས་བྱེད་ཚད་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ཚང་མས་ས་ཁུལ་གཉིས་ཀྱི་མཉམ་འདྲེས་སྨྱན་སྦྱོར་གྱི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་མནའ་འབྲེལ་ཞིག་ཆགས་པར་བྱ་རྒྱུ་དང་།མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགྱུར་གླེང་ཕྱོགས་ཀྱི་ནུས་པ་མཐོ་རུ་བཏང་སྟེ།ས་ཁུལ་གཉིས་པོའི་མཉམ་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

མིང་རྟགས་འགོད་པའི་མཛད་སྒོ་མཇུག་འགྲིལ་རྗེས་མལ་གྲོ་གུང་དཀར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་པ་དང་ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་པའི་དབར་སྤེལ་རེས་དང་སློབ་སྦྱོང་བྱས་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190663.html 1 ནན་ཅིང་གྲོང་ཁྱེར་ཀུའུ་ལུའུ་ཆུས་དང་མལ་གྲོ་གུང་དཀར་རྫོང་དབར་མཉམ་འདྲེས་སྨྱན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ། /enpproperty-->