(པར་ངོས་གཉིས་པར་མཐུད)ཚང་མས་མུ་མཐུད་ཡུལ་སྐོར་ཁེ་ལས་དང་མཉམ་དུ་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་ནས་བྱེ་མ་གྲོང་ཚོའི་ཁྱད་ལྡན་ཐོན་རྫས་དང་ཡུལ་སྐོར་ཐོན་ཁུངས་དྲིལ་བསྒྲགས་བྱས་ཏེ།ས་གནས་འདི་གའི་དཔལ་འབྱོར་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་གྲོང་གསེབ་དར་རྒྱས་ཡོང་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ཡུལ་སྐོར་ལས་རིགས་པའི་སྤྱི་ཕན་བྱེད་སྒོ་སྤེལ་མཁན་མ་ཀྲེང་གིས་ང་ཚོས་རང་འགུལ་ངང་ཡུལ་སྐོར་ལས་དོན་པ་སྒྲིག་འཛུགས་བྱས་ནས་བྱེ་མ་གྲོང་ཚོར་འཚོ་བའི་དངོས་ཟོག་ཞལ་འདེབས་རྒྱག་དོན་ནི། ཕྱོགས་གཅིག་ནས་རང་ཉིད་ཀྱི་ནུས་ཤུགས་ལ་བརྟེན་ནས་བྱེ་མ་གྲོང་ཚོའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་རོགས་རམ་ཐོབ་རྒྱུའི་རེ་བ་བཅངས་པ་དང་། ཕྱོཊ་གཞན་ཞིག་ནས་སྒྲིག་གཞིའི་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་བསྒྲུབས་ཏེ།མི་དེ་བས་མང་བས་གྲོང་གསེབ་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་འབོད་བྱེད་ཆེད་ཡིན། ཕྱིས་འབྱུང་། ང་ཚོས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་མུ་མཐུད་དོ་ཁུར་བྱས་ནས་སྤྱི་ཕན་བྱེད་སྒོ་སྣ་ཚོཊ་ནང་ཧུར་ཐག་ཞུགས་ཏེ།མང་ཚོགས་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་མཉམ་དུ་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་ཞལ་འདེབས་བྱེད་སྒོས་བྱེ་མ་གྲོང་ཚོའི་ཡུལ་མིར་དྲོ་སྐྱིད་སྦྱིན་པ་དང་སེམས་ཁུར་བྱས་པར་མ་ཟད། ད་དུང་རང་གྲོང་ཁྱེར་གྱི་ཡུལ་སྐོར་ལས་དོན་པའི་གཟུཊ་བརྙན་བཟང་པོ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཀྱང་མངོན་ཡོད། ཕྱིས་འབྱུང་། རང་གྲོང་གི་ཡུལ་སྐོར་ལས་རིགས་ཀྱིས་དེ་དང་འདྲ་བའི་སྤྱི་ཕན་བྱེད་སྒོ་མུ་མཐུད་སྒྲིག་འཛུགས་བྱས་ཏེ་ཐག་རིང་ལུང་ཁུག་དབུལ་པོའི་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་རམ་འདེཊ་བྱས་ནས་ཐུན་མོང་ཐོག་གྲོང་གསེབ་དར་རྒྱས་ཡོང་ཆེད། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།
ལྷུན་གྲུབ་རྫོང་བྱང་ཁ་ཤང་བྱེ་མ་གྲོང་ཚོར་བཅའ་སྡོད་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཧྲུའུ་ཅི་དང་པོ་ཚེ་རིང་ཆོས་སྐྱིད་ཀྱིས་གཅེས་སེམས་ཞལ་འདེབས་རྒྱག་པའི་བྱེད་སྒོས་བྱེ་མ་གྲོང་ཚོའི་ཡུལ་མིར་དངོས་དངོས་རྗེན་རྗེན་གྱི་རོཊ་རམ་བྱས་པར་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་འགན་འཁྲི་དང་ལེགས་སྐྱེས་ཕུལ་བ་དེ་བས་མཚོན་པར་བྱས་ཡོད། སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་འབད་བརྩོན་འོག བྱེ་མ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་དེ་བས་ལེགས་སུ་འགྲོ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社