分享按钮

སུའུ་ཀྲོའུ་ཡི་གནའ་བོའི་སྐྱེད་ཚལ་ སྒྱུ་རྩལ་འགྲེམས་སྟོན་འགོ་ཚུཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་5ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་དང་སུའུ་ཀྲོའུ་གྲོང་ཁྱེར་སྐྱེད་ཚལ་དང་སྔོ་འགྱུར་དོ་དམ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། སུའུ་ཀྲོའུ་གྲོང་ཁྱེར་སེང་གེ་ནགས་ཚལ་དོ་དམ་ཁྲུའུ་དང་བོད་རང་སྐྱོང་ལྗོངས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡིས་གཉེར་འགན་ཁུར་བའི་ངོ་མཚར་ཆེ་བའི་བཟོ་བཀོད་ཁྱད་དུ་འཕགས་པ་ནི་སུའུ་ཀྲོའུ་ཡི་སྐྱེད་ཚལ་ལས་འབྱུང་བ་ཡིན་ཞེས་པ་གཙོ་དོན་དུ་བྱས་པའི་སུའུ་ཀྲོའུ་ཡི་གནའ་བོའི་སྐྱེད་ཚལ་སྒྱུ་རྩལ་འགྲེམས་སྟོན་དེ་ནོར་བུ་གླིང་གར་འགྲེམས་སྟོན་བྱས་པ་རེད།

སྒྱུ་རྩལ་འགྲེམས་སྟོན་དེ་འགོ་ཚུགས་ཞབས་བྲོ《བཀྲ་ཤིས་ཞོལ་པ》ཞེས་པ་འཁྲབ་པའི་ཁྲོད་འགོ་ཚུཊ་ཤིང་། དེ་རྗེས《སྟོན་དུས་ཀྱི་དྲན་པ》དང་། 《མཚན་མོར་ཇ་སྡོང་ཟམ་པར་གྲུ་བརྟེན་པ》ཞེས་པའི་སྙན་འཇེབས་ལྡན་པའི་གཞས་གདངས་ཀྱིས་ཡུལ་དེའི་ལྟད་མོ་བ་ཚོའི་ཡིད་དབང་འཕྲོག་ཅིང་། མཇུག་ཏུ་འབྲེལ་ཡོད་འགན་འཁུར་བ་སྡིངས་ཆའི་ཐོག་བསྐྱོད་དེ་ཐུན་མོང་ཐོག་བཀྲ་ཤིས་པའི་མཛའ་གྲོགས་མཚོན་པར་བྱས་པ་དང་སྦྲགས་དར་ཚོན་འབྲེག་ནས་མཛད་སྒོ་སྤེལ་འགོ་ཚུགས་པ་རེད།

སུའུ་ཀྲའུ་གྲོང་ཁྱེར་སེང་གེ་ནགས་ཚལ་དོ་དམ་ཁྲུའུ་སྐྱེད་ཚལ་དོ་དམ་ཁོའོ་ཡི་ལས་དོན་པ་ཝང་ཤོན་གྱིས་ཐེངས་འདིའི་འགྲེམས་སྟོན་ཐོག་ང་ཚོས་འབྲི་ཆུའི་ལྷོ་རྒྱུད་ཀྱི་གནའ་བོའི་སྐྱེད་ཚལ་གྱི་སྙིང་བཅུད་གངས་ལྗོངས་ས་མཐོར་ཁྱེར་ཡོད། ཚང་མས་ས་མཐོར་ལེ་དབར་སྟོང་གི་སར་གནས་པའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་གནའ་བོའི་སྐྱེད་ཚལ་རིག་གནས་ཉམས་སུ་མྱོང་ཐུབ་པ་དང་། ད་ཐེངས་ཀྱི་འགྲེམས་སྟོན་དེ་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་དུ་བརྩིས་ནས་སུའུ་ཀྲོའུ་དང་ལྷ་ས་ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ།ས་གནས་གཉིས་ཀྱི་མཉམ་ལས་དང་བར་གིས་ཆོད་པའི་རིག་གནས་ཀྱི་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

ཐེངས་འདིའི་འགྲེམས་སྟོན་ཁྲོད་འགྲེམས་ཁང་གསུམ་ཞིབ་ཚགས་ངང་བཀོད་སྒྲིག་བྱས་ཏེ་དབྱིངས་ཞུགས་རྣམ་པའི་སྐྱེད་ཚལ་སླར་ཡང་མངོན་པར་བྱས་པ་བརྒྱུད། སུའུ་ཀྲོའུ་སྐྱེད་ཚལ་གྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པས་ལྟད་མོ་བ་ཚོས་སྐྱེད་ཚལ་རིག་གནས་སྟོན་མོ་དེར་མགོ་འཁོར་ནས་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ལ་མྱོང་རོལ་ཐུབ་པ་བྱུང་ཡོད།

ཤེས་རྟོགས་བྱུང་བར་གཞིཊ་ན། ཐེངས་འདིའི་སུའུ་ཀྲོའུ་གནའ་བོའི་སྐྱེད་ཚལ་སྒྱུ་རྩལ་འགྲེམས་སྟོན་དེ་ཟླ་11ཚེས་20ཉིན་བར་མུ་མཐུད་གཉེར་རྒྱུ་ཡིན་པ་རེད། དེའི་རིང་ལྟ་སྐོར་བས་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལ་ཅི་དགར་རོལ་ཆོག་པ་དང་། སྔོ་ལྗང་མཛེས་ལྗོངས་ཁུལ་དུ་སྙན་ངག་དང་།རི་མོ་ལྟར་གྱི་མཛེས་ལྗོངས། སུའུ་ཀྲོའུ་སྐྱེད་ཚལ་གྱི་ཁྱད་དུ་འཕགས་པའི་ངོ་མཚར་མྱོང་རོལ་ཐུབ་པ་མ་ཟད། ད་དུང་སུའུ་ཀྲོའུ་སྐྱེད་ཚལ་གྱི་མཚོན་བྱེད་རང་བཞིན་ལྡན་པའི་མཛེས་ལྗོངས་ཁུལ་བཅུ་ཡོད་པའི་ཡིག་སྐོགས་བླངས་ནས་དྲན་གསོ་ཞུ་ཆེད་ཉར་ཆོག་གི་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190664.html 1 སུའུ་ཀྲོའུ་ཡི་གནའ་བོའི་སྐྱེད་ཚལ་ སྒྱུ་རྩལ་འགྲེམས་སྟོན་འགོ་ཚུཊ་པ། /enpproperty-->