分享按钮

གློག་དམར་ལས་བརྒལ་བ་དང་།སྒྲོམ་སྐྱོར་ལས་བརྒལ་བ།ལྡོག་སྐྱོད་བྱེད་པ་སོགས་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་དེ་དག་དོར་དགོས།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་11ཚེས་4ཉིན་གྱི་སྔ་དྲོ།གསར་འགོད་པས་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གི་ལས་དོན་པ་དང་མཉམ་དུ་གྲོང་མི་སྒྲོམ་སྐྱོར་ལས་བརྒལ་བ་དང་། གློག་དམར་ལས་བརྒལ་བ།ལྡོག་སྐྱོད་བྱེད་པ་སོགས་ཀྱི་ཡ་རབས་མིན་པའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་པར་ལེན་བྱས་པ་ཡིན།

ཅང་སུའུ་ལམ་གྱི་ལུས་རྩལ་ཐང་གི་ཉེ་འགྲམ་དུ་གྲོང་མི་ཞིག་གིས་གཞུང་ལམ་འཕྲེད་བརྒལ་བྱས་ནས་ཐད་ཀར་གཞུང་ལམ་གྱི་སྒྲོམ་སྐྱོར་ལས་བརྒལ་བ་དང་ཉེ་འཁོར་གྱི་རླངས་འཁོར་གྱི་ཉེ་འགྲམ་ནས་བསྐྱོད་པ་དེས་རང་ཉིད་དང་དེ་བཞིན་མི་གཞན་གྱི་བདེ་འཇགས་ལ་མངོན་མེད་རྐྱེན་ངན་མང་པོ་ཞིག་བཟོས་ཡོད།གནས་སྡོད་ལྟ་སྲུང་བྱེད་རིང་གསར་འགོད་པར་ཅང་སུའུ་ལམ་དང་།གླིང་བརྒྱུད་ལམ།པེ་ཅིང་ཤར་ལམ་སོགས་ལམ་དུམ་མི་འདྲ་བར་གནད་དོན་དེ་རིགས་ཤེས་རྟོགས་བྱུང་བ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན།ཅང་སུའུ་ལམ་དང་གླིང་སྐོར་ཤར་ལམ་གྱི་བཞི་མདོ་ནས་གྲོང་མི་རྟག་ཏུ་གློག་དམར་ལས་བརྒལ་བ་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་ལྡོག་ཕྱོགས་སུ་བསྐྱོད་པར་མ་ཟད།འཁོར་བདག་གིས་བདེ་འཇགས་ཞྭ་མོ་ཡང་གྱོན་མེད་པ་དང་། ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པའི་ཉེ་འགྲམ་དུ་རླངས་འཁོར་གྱིས་མི་འགྲོ་སའི་ལམ་དང་ལོང་བའི་ལམ་ཧམ་བཟུང་བྱེད་པ་སོགས་ཀྱི་ཡ་རབས་མིན་པའི་བྱེད་སྤྱོད་ཀྱི་ཁེངས་ཡོད།

རྒྱུན་ལྡན་གྱི་འཚོ་བའི་ཁྲོད།མི་ཁ་ཤས་ཀྱིས་དུས་ཚོད་བརྩོན་ལེན་དང་སྟབས་བདེ་ཡོང་ཆེད། སྟེས་དབང་གི་བསམ་ཚུལ་བཅངས་ཏེ།གློག་དམར་ལས་བརྒལ་བ་དང་།སྒྲོམ་སྐྱོར་ལས་བརྒལ་བ། ལྡོག་སྐྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་འདི་དག་ནི་ཡ་རབས་མིན་ལ་ཉེན་ཁ་ཡང་ཤིན་ཏུ་ཆེ།དེ་ནི་རང་ཉིད་དང་མི་གཞན་པའི་ཚེ་སྲོག་ཀྱི་བདེ་འཇགས་ལ་འགན་མི་འཁུར་བ་ཞིག་ཡིན།

ཡ་རབས་ལྡན་པའི་འགྲིམ་འགྲུལ།ང་དང་ཁྱོད་མཉམ་དུ་བསྐྱོད།རྒྱ་ཆེའི་གྲོང་མི་ཚོས་ཡ་རབས་མིན་པའི་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་དོར་ནས་གོམས་གཤིས་བཟང་པོ་འཇགས་པར་བྱས་ཏེ་ཡ་རབས་ལྡན་པའི་འགྲིམ་འགྲུལ་ནང་ཞུགས་མཁན་ཞིག་བྱེད་པ་དང་།ཁྲིམས་སྲུང་ཕྱིར་སྐྱོད་དར་སྤེལ་གཏོང་མཁན་ཞིག་བྱས་ནས་ཡ་རབས་ལྡན་པའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁོར་ཡུག་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190659.html 1 གློག་དམར་ལས་བརྒལ་བ་དང་།སྒྲོམ་སྐྱོར་ལས་བརྒལ་བ།ལྡོག་སྐྱོད་བྱེད་པ་སོགས་འགྲིམ་འགྲུལ་གྱི་གོམས་གཤིས་ངན་པ་དེ་དག་དོར་དགོས། /enpproperty-->