分享按钮

བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་འགྲིམ་འགྲུལ་ཐོན་ལས་ཚད་ཡོད་ཀུང་སིས་རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་ཡོང་བར་ང་ཡིས་འབད་ཅེས་པའི་ ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་འགྲིམ་འགྲུལ་ཐོན་ལས་ཚད་ཡོད་ཀུང་སིས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་ཡོང་བར་ང་ཡིས་འབད་ཅེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་དར་ཁྱབ་ཆེ་བའི་CityWalkཡི་རྣམ་པ་བརྒྱུད་ཀུང་སིའི་ཏང་ཡོན་སྒྲིག་འཛུགས་བྱས་ནས་རྐང་ཐང་མར་བོད་ལྗོངས་རྟེན་མཛོད་ཁང་དང་། མཚོ་བོད་དང་ཁྲོན་བོད་གཞུང་ལམ་གྱི་དྲན་གསོའི་རྡོ་རིང་། གཙང་འགྲམ་སྤྱི་གླིང་སོགས་སུ་བསྐྱོད་དེ་ལྷ་ས་གྲོང་ཁྱེར་གྱི་གསར་བརྗེའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཚོར་དུ་བཅུག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ངོས་འཛིན་དང་གོ་བ་ལེན་ཤུགས་ཆེ་རུ་ཕྱིན་པ་རེད།

བོད་ལྗོངས་རྟེན་མཛོད་ཁང་དུ་བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་འགྲིམ་འགྲུལ་ཐོན་ལས་ཚད་ཡོད་ཀུང་སིའི་ཏང་ཡོན་ཚོས་གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང་ཞེས་པའི་བོད་ལྗོངས་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཤིང་། འགྲེམས་ཁང་དུ་ཡིག་ཚགས་རེ་རེ་བཞིན་དང་། དོན་དངོས་ཀྱི་པར་རིས། རྩ་ཆེའི་ལོ་རྒྱུས་ཀྱི་དངོས་པོ་རེ་རེ་བཞིན་བཅས་ཡོད་པ་དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ཁྱོན་ཡོངས་ནས་མངོན་ཞིང་། ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་ཁྱོན་ཡོངས་ནས་མཚོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་ལམ་གསར་པར་བསྐྱོད་པ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་དད་སེམས་བརྟན་པོ་ཁྱོན་ཡོངས་ནས་མངོན་པ་བཅས་བྱས་ཡོད།

བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་འགྲིམ་འགྲུལ་ཐོན་ལས་ཚད་ཡོད་ཀུང་སིའི་སྒྲིག་ཨུད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཏན་ཏན་གྱིས་ང་ཚོས་ས་ཚིགས་དང་པོར་བོད་ལྗོངས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱས་པ་ཡིན། མྱོང་ཚོར་ཟབ་མོ་བྱུང་། ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པར་མ་ཟད། གོམ་སྟབས་ཆེན་པོས་དེང་རབས་ཅན་གྱི་འཕེལ་རིམ་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ང་ཚོའི་ཁེ་ལས་ནི་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱེད་བཞིན་ཡོད། སླད་ཕྱིན་ང་ཚོའི་ཁེ་ལས་འདི་ཉིད་མུ་མཐུད་སྟོབས་ཆེར་བཏང་ནས་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།

ད་རེས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་བརྒྱུད།ཚང་མས་གསར་བརྗེའི་ལོ་རྒྱུས་ཀྱི་རྒྱབ་ཏུ་གནས་པའི་བསམ་པའི་སྟོབས་ཤུགས་ལ་གོ་བ་གཏིང་ཟབ་ལེན་པ་དང་།ཏང་ལ་དགའ་ཞེན་བྱེད་པ་དེ་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ཐོག་སླད་ཕྱིན་གྱི་ལས་དོན་དང་འཚོ་བའི་ཁྲོད་ཏང་ཡོན་གྱི་ཚད་གཞིར་བརྟེན་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་པའི་ཁར་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་འགྲིམ་འགྲུལ་ཐོན་ལས་ཚད་ཡོད་ཀུང་སིའི་ཏང་འཛུགས་སྐྱོང་མི་དོན་པུའི་ཀྲུའུ་རེན་གཞོན་པ་ཅིང་ཝུན་ལུང་གིས་ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་བརྒྱུད།ང་ཚོས་ལྷ་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་ཚོར་བྱུང་། ཕྱིས་སུ་ངས་ཏང་གི་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་སྤྱད་དེ་རང་ཉིད་ཀྱི་ལས་ཀར་སྐུལ་ཁྲིད་བྱས་ནས་ཀུང་སིའི་ལས་མིར་ཞབས་ཞུ་དང་། མང་ཚོགས་ལ་ཞབས་ཞུ། སྤྱི་ཚོགས་ལ་ཞབས་ཞུ་བཅས་སྔར་ལས་ལེགས་པ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190658.html 1 བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་འགྲིམ་འགྲུལ་ཐོན་ལས་ཚད་ཡོད་ཀུང་སིས་རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་ཡོང་བར་ང་ཡིས་འབད་ཅེས་པའི་ ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->