分享按钮

རིག་གནས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་གཏིང་ཟབ་ཀྱིས་ ཀ་རྟེན་ཐོན་ལས་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།

བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་སྤེལ་རེས་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་གསར་གཏོད་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད།ཉིན་ཤས་གོང་།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་།བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དོ་དམ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ།བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གི་ལས་གཏོད་གསར་གཏོད་རྟེན་གཞིས་སྒྲུབ་འགན་ཁུར་བའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་མ་འོངས་མཉམ་དུ་གཏོད་ཅེས་པའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུའི་ཐོག་ཀྲུང་གོའི་བོད་ལྗོངས་རིག་གནས་འཕེལ་རྒྱས་དང་སྲུང་སྐྱོང་མཐུན་ཚོགས་ཀྱི་ལས་འཛིན་པ་དང་།བོད་ལྗོངས་རིག་གནས་སྒྱུ་རྩལ་སྤུས་རྟགས་ཐེ་ཧུའུ་མཉམ་འབྲེལ་སྲོལ་གཏོད་མཁན་ཧྥང་ཁུན་དང་།ལྷ་ས་གྲོང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་ཁོངས་མི་དང་གྲོང་ཨུད་ཏང་གི་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་པ་ལེའོ་ཁྲེང་དབྱིན།བོད་ལྗོངས་སློབ་ཆེན་གྱི་འབུམ་རམས་པ་ཏེང་ལི་ཅན་སོགས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སྲིད་ཇུས་མཛུབ་ཁྲིད་མཉམ་སྤྱོད་ཀྱི་ཆེད་དོན་འཆད་ཁྲིད་བྱས་པ་དང་འབྲེལ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་ཐབས་ལམ་གསར་པའི་གཙོ་དོན་སྤེལ་རེས་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་མཉམ་སྤྱོད་བྱས་པ་རེད།བྱེད་སྒོའི་ཁྲོད་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་། མཁས་དབང་།ཁེ་ལས་ཀྱི་འཐུས་མི་བཅས་ཀྱིས་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་བྱས་ཏེ་ཐོན་རྫས་གསར་གཏོད་དང་།ཁྲོམ་ར་རྒྱ་བསྐྱེད།ཞབས་ཞུ་ལེགས་གཏོང་སོགས་ཕྱོགས་མང་པོའི་ཐད་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་པ་ལས་བྱུང་བའི་ཕན་འབྲས་མངོན་གསལ་དོད་པོ་མངོན་པར་བྱས་པ་རེད།

ཏེང་ལི་ཅན་གྱིས་སྤེལ་རེས་ཚོགས་འདུའི་ཐོག་ཚང་མས་རང་ཉིད་ཀྱི་ལྟ་ཚུལ་གླེང་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ལག་ལེན་ཁྲོད་ཀྱི་རང་སོ་སོའི་གྲུབ་འབྲས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པར་མ་ཟད།འགྲན་སློང་ལ་ཁ་ཕྱོགས་ཏེ་གནས་པའི་གནད་དོན་ཐག་གཅོད་ཀྱི་ཇུས་གཞིར་ཐུན་མོང་ཐོག་གྲོས་བསྡུར་བྱས་ནས་གྲུབ་འབྲས་ཀྱི་དཔེ་མཚོན་མང་པོར་བསྡུར་བ་དང་དབྱེ་ཞིབ་བྱས་པ་བརྒྱུད། དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་རབ་དང་རིམ་པ་ཞིག་བསྡུ་ལེན་བྱས་ཡོད་ལ། རང་ལྗོངས་་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལ་བློ་སྒོ་རྩ་ཆེན་ཕྱེ་ཡོད་ཅེས་བཤད།

ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུ་ནི་བསམ་བློ་སྤེལ་རེས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པར་མ་ཟད།དངོས་སྒྲུབ་མཉམ་ལས་ཀྱི་ལས་སྟེགས་ཤིག་དེ་བས་ཡིན།ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུ་བརྒྱུད་ཚོགས་ཞུགས་པ་ཚོའི་མཐོང་རྒྱ་ཆེ་རུ་ཕྱིན་པར་མ་ཟད།ད་དུང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ལམ་བུ་དེ་བས་གསལ་དུ་ཕྱིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།དེ་དང་ཆབས་ཅིག་ཁོང་ཚོས་ད་ཐེངས་ཀྱི་སྤེལ་རེས་ཚོགས་འདུའི་གྲུབ་འབྲས་དཔྱད་གཞིར་འཛིན་ནས་སྦྱངས་པའི་ཐོབ་ཆ་རྣམས་ལས་དོན་དངོས་ནང་སྤྱོད་པ་དང་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས་བྱས་པ་བརྒྱུད། བོད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་དེ་བས་མང་བ་བཏོད་དེ་ཡུལ་སྐོར་བར་དེ་བས་ཕུན་སུམ་ཚོགས་ལ་སྣ་མང་གི་རིག་གནས་དང་ཡུལ་སྐོར་གྱི་ཉམས་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་གི་ལས་གཏོད་གསར་གཏོད་རྟེན་གཞིའི་འགན་འཁུར་བ་ཆིན་ཁྲུན་ཤང་གིས་ཕྱིས་འབྱུང་རྟེན་གཞིས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་ཁྲིད་སྟོན་དུ་བྱེད་པ་དང་།སྣ་མང་ཕུན་སུམ་ཚོགས་པའི་སྤེལ་རེས་བྱེད་སྒོ་དེ་བས་མང་བ་སྤེལ་བ།རིག་གནས་དང་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་སྤེལ་རེས་ཚོགས་འདུ་འཚོགས་པ། 6 6 拉萨日报藏文 c190660.html 1 རིག་གནས་དང་ཡུལ་སྐོར་ལས་རིགས་མཉམ་འདྲེས་གཏིང་ཟབ་ཀྱིས་ ཀ་རྟེན་ཐོན་ལས་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། /enpproperty-->