(པར་ངོས་དང་པོར་མཐུད)སྤྱི་ཚོགས་ལས་དོན་ལ་དུས་བབ་གསར་པ་དང་ལས་འགན་གསར་པ་འཕྲད་བཞིན་ཡོད་པས་ངེས་པར་དུ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས།
དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་བུའི་ཐོག་སྐྱོད་པ། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་གྱི་རྩ་འཛུཊ་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་མངོན་གསལ་དོད་པོ་བྱེད་པ་བཅས་བྱས་ནས་གསར་དར་ཁྱབ་ཁོངས་ཁྲོད་ཏང་གི་འབོད་སྐུལ་བྱེད་ཤུཊ་དང་། གོང་བུ་སྒྲིལ་ཤུགས། ཤུགས་རྐྱེན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གཅིག་སྡུད་བྱེད་པར་དམ་འཛིན་ཡག་པོ་བྱས་ནས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་ཡིན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་ལས་རིགས་ལ་དོ་དམ་བྱེད་དགོས་ལ་ཏང་འཛུགས་སྐྱོང་ལའང་དོ་དམ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ། སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལག་ལེན་དངོས་སུ་འཚོལ་ཞིབ་བྱེད་ཕོད་པ། རང་འགན་གཙང་སྒྲུབ་ཏན་ཏིག་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།
ཀྲུང་དབྱང་གི་སྤྱི་ཚོགས་ལས་དོན་ཚོགས་འདུ་ཟླ་11ཚེས་5ནས་6ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚའེ་ཆི་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་དག་གཟིགས་རྒྱང་རིང་བ་དང་གནད་ལ་འཕིགས་པ་ཞིག་ཡོད་པས་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཞིང་།དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པས་ངེས་པར་དུ་སློབ་སྦྱོང་དང་གོ་བ་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།
ཚའེ་ཆི་ཡིས་གསུངས་དོན།ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཚོཊ་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་པ་དང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་དོན་དང་སྤྱི་ཚོགས་ལས་དོན་ལ་ཤུགས་སྣོན་ཇི་ལྟར་རྒྱག་དགོས་པའི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། བསམ་བློ་གསར་པ་དང་།ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། སྤྱི་ཚོཊ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་རྩ་བའི་རྩ་དོན་དང་། རིན་ཐང་གི་ལྟ་ཕྱོགས། འཕེལ་རྒྱས་ཀྱི་ཁ་ཕྱོགས། ལས་འགན་གཙོ་བོ། རྨང་གཞིའི་འགན་ལེན་སོགས་རྒྱས་བཤད་གཏིང་ཟབ་བྱས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཊ་རིང་ལུཊ་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་རེད།
ཚའེ་ཆི་ཡིས་ནན་གསུངས་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱེད་པ། དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་ཡག་པོ་བསྒྲུབ་དགོས་པའི་སྤྱིའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བཅས་བྱས་ཏེ་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་དུས་རབས་གསར་པའི་སྤྱི་ཚོགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རིགས་དབྱེའི་མཛུབ་ཁྲིད་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་གྱི་རྩ་འཛུཊ་གསར་པ་དང་། སྤྱི་ཚོཊ་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་པ། ཏང་གི་རྩ་འཛུགས་ཁྱབ་ཚད་དང་ལས་དོན་ཁྱབ་ཚད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གསར་དར་ཁྱབ་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཏང་འཛུགས་སྐྱོང་དང་སྒྱུར་བཅོས་འཕེལ་རྒྱས་ལ་མུ་མཐུད་དམ་འཛིན་བྱེད་དགོས་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་གཞི་རིམ་གྱི་སྲིད་དབང་འཛུཊ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་བཅོས་སྐྱོང་གི་རྟ་ཆུང་ཆུང་གིས་ཤིང་རྟ་ཆེན་པོ་འཐེན་པ་ཞེས་པའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱས་ཏེ་གཞི་རིམ་ལ་ནུས་པ་སྤྲོད་པ་དང་ཁུར་པོ་ཡང་དུ་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གཅིག་སྡུད་ངང་ཡག་པོ་བསྒྲུབས་ནས་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་ཡག་པོ་བྱེད་པ། དང་བླངས་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་སྤྱི་ཚོགས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ལས་དོན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ལི་ཀན་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལི་ཧྲུའུ་ལེ་དང་། ཁྲེན་ཝུན་ཆིང་། མུའུ་ཧུང་བཅས་ཚོགས་འདུར་ཞུགས་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། པེ་ཅིང་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཧྲའན་ཤིས་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི། ཁེ་ལས་ཁག་གཅིག མཐོ་སློབ་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社