ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་གྲོང་གི་ཡུལ་སྐོར་ལས་རིགས་ཀྱི་གཅེས་སེམས་མི་སྣས་ལག་གདང་སྦྲེལ་ཏེ་ལྷུན་གྲུབ་རྫོང་བྱེ་མ་གྲོང་ཚོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་བའི་དམིཊ་ཡུལ་ནི་བྱེ་མ་གྲོང་ཚོའི་དཀའ་ངལ་ཡོད་པའི་མང་ཚོཊ་ལ་སྤྱི་ཚོགས་ཀྱི་གཅེས་སེམས་བརྒྱུད་སྤྲོད་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་རམ་འདེཊ་བྱ་རྒྱུ་དེ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར། གཅེས་སེམས་ཀྱི་དངོས་ཟོག་བྱུར་བུར་བླུགས་པའི་རླངས་འཁོར་དལ་བུར་གྲོང་ཚོའི་ནང་བསྐྱོད་དེ་གྲོང་ཚོ་དེ་གའི་མང་ཚོགས་ལ་སྲིང་བལ་གྱི་ཉལ་ཆས་དང་། འབྲས། སྣུམ་སོགས་འཚོ་བའི་མཁོ་ཆས་ཁྱེར་ཡོད་ཅིང་། ཞལ་འདེབས་རྒྱག་ཡུལ་དུ་གྲོང་མི་ཚོ་གོ་རིམ་ལྡན་པའི་ངང་བང་བསྒྲིགས་ནས་རང་ཉིད་ཀྱི་འཚོ་བའི་དངོས་རྫས་ལེན་བཞིན་བཞིན་རས་ལས་བཀའ་དྲིན་ཚོར་བ་དང་དགའ་སྤྲོའི་རྣམ་པ་མངོན་ཡོད། བྱེད་སྒོ་སྤེལ་རིང་། རང་གྲོང་གི་ཡུལ་སྐོར་ལས་རིགས་ནས་ཡོང་བའི་ལས་དོན་པས་བྱེ་མ་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社