分享按钮

ཁྲེང་ཀོན་ཆུས་ཀྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་སྐོང་འདྲིའི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྨན་རྫས་སིལ་ཚོང་དང་སྨན་བཅོས་འགན་ལེན་ཞབས་ཞུ་སོཊ་ཀྱི་བྱ་སྤྱོད་རང་རྟོགས་ངང་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇཊ་ལ་སྲུང་སྐྱོང་བྱ་ཆེད། ཟླ་11ཚེས་4ཉིན།ཁྲེང་ཀོན་ཆུས་སྨན་བཅོས་འགན་ལེན་ཅུས་ཀྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་22སྒྲིག་འཛུཊ་བྱས་ཏེ། དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་སྐོང་འདྲིའི་ཚོཊ་འདུ་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཁྲིམས་སྐྱོང་དྲིལ་བསྒྲཊ་ཚོཊ་འདུ་འཚོཊ་པ་རེད།

ཚོགས་འདུའི་ཐོག 2024ལོར་སྨན་བཅོས་འགན་ལེན་གྱི་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ཞིབ་བཤེར་བྱས་འབྲས་བརྡ་ཁྱབ་བཏང་བ་དང་། 《སྨན་བཅོས་འགན་ལེན་ཐེབས་རྩ་བེད་སྤྱོད་ལྟ་སྐུལ་དོ་དམ་སྲོལ་ཡིག》སོགས་ཀྱི་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དེ་བཞིན་ཉེན་ཟོན་སློབ་གསོའི་དྲིལ་བསྒྲགས་པར་གཞིར་བལྟས་པ་བཅས་བྱས་པ་བརྒྱུད་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་དྲན་སྐུལ་གྱི་ནུས་པ་ཐོན་ཡོད་པ་རེད། ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་སྒྲིག་གཞི་ཁག་ཅིག་གིས་ཚད་གཞི་ལས་བརྒལ་ནས་སྨན་རིན་བསྡུ་བ་དང་། ཚད་གཞི་ལས་བརྒལ་ནས་སྨན་སྤྲོད་པ། སྨན་ཉོ་ཐེངས་མང་བ་སོཊ་སྒྲིག་འགལ་གྱི་གནད་དོན་ལྡན་ཡོད་པས། ཕྱིས་འབྱུང་། ཁྲེང་ཀོན་ཆུས་ཀྱིས་གཞུང་བཙུགས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་གསོ་སྦྱོང་དང་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་ངང་སྨན་བཅོས་འགན་ལེན་ཐེབས་རྩ་སྤྱོད་པའི་གནད་དོན་གྱི་ཁུངས་སྣེར་ཞིབ་བཤེར་དང་གནད་དོན་ཐག་གཅོད་བྱས་ཏེ།སྨན་བཅོས་འགན་ལེན་གྱི་ཐེབས་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།

ཚོགས་འདུའི་ཐོག་སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་ལེན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། སྨན་དོན་པས་རང་རྟོགས་ངང་སྨན་བཅོས་ཚད་གཞིར་བརྩི་སྲུང་ཞུས་ཏེ། རང་ངོས་ལྟ་སྐུལ་དོ་དམ་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཐོག་ཏུ་གནད་དོན་དག་ཐེར་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་དུས་ཐོག་ཏུ་དག་ཐེར་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་བཅས་བྱས་ཏེ་སྨན་བཅོས་འགན་ལེན་གྱི་ཐེབས་རྩའི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཁྲེང་ཀོན་ཆུས་སྨན་བཅོས་འགན་ལེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་བརྟན་སྒྲོལ་དཀར་གྱིས་ད་ཐེངས་ང་ཚོས་མཉམ་དུ་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་22ལ་བསྐོང་འདྲི་བྱེད་པའི་དམིགས་ཡུལ་ནི། སྨན་བཅོས་འགན་ལེན་གྱི་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི་སྨན་བཅོས་དངུལ་དང་། སྲོག་སྐྱོབ་དངུལ་ཡིན་པས་ངེས་པར་དུ་ཁྲིམས་མཐུན་གྱི་སྒོ་ནས་སྤྱོད་དགོས་པའི་ངོས་འཛིན་ཐུབ་ཆེད་ཡིན། ང་ཚོས་ཀྱང་ཁྲེང་ཀོན་ཆུས་ཀྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞི་ཁག་གིས་ཐེབས་རྩ་བེད་སྤྱོད་ཀྱི་ཚད་ལྡན་རང་བཞིན་དང་། ཁྲིམས་མཐུན་ངང་གཉེར་སྐྱོང་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ། སྨན་བཅོས་འགན་ལེན་ནང་ཞུགས་མཁན་ལ་དེ་བས་ལེགས་པའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ་དང་སྦྲགས། ང་ཚོའི་སྨན་བཅོས་འགན་ལེན་གྱི་ཐེབས་རྩར་ཡང་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་རེ་བ་ཡོད་ཅེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190654.html 1 ཁྲེང་ཀོན་ཆུས་ཀྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་སྐོང་འདྲིའི་ཚོགས་འདུ་འཚོགས་པ། /enpproperty-->