分享按钮

གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོའི་ལས་དོན་སྐུལ་སློང་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་5ཉིན། གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོའི་ལས་དོན་སྐུལ་སློང་བཀོད་སྒྲིག་དང་གསོ་སྦྱོང་ཚོཊ་འདུ་འཚོཊ་པ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏིང་ཁྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུངས་བཤད་ཀྱང་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ཚུཊ་གནས་སྔར་བས་མཐོ་རུ་གཏོང་བ། དམིཊ་ཚད་ལས་འགན་ལ་དམ་པོར་དམིཊ་པ། ལས་ཀའི་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་རང་གྲོང་གི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོ་སྤུས་ཚད་མཐོན་པོའི་སྒོ་ནས་བཟོ་འགོད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ཀྲང་ཏིང་ཁྲེང་གིས་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོ་བཟོ་རྒྱུ་དེ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊ་ཐེངས་གསུམ་པའི་ཐོག་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་ཤུཊ་སྣོན་རྒྱག་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་བཅས་རེད་ཅེས་གསུངས་པ་རེད།

ཀྲང་ཏིང་ཁྲེང་གིས་ཏང་གི་ཕྱོཊ་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུཊ་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་བསྐྲུན་ཆེད་གཞི་རིམ་གྱི་རྨང་གཞི་དང་སྲིད་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། དབང་ཆ་དང་འགན་འཁྲི་གཅིག་མཐུན་དང་། འགན་འཁྲི་དང་ནུས་པ་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས། རྫོང་དང་ཤང་གི་དབང་ཆ་དང་འགན་འཁྲིའི་འབྲེལ་བ་མཐུན་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་དངོས་གནས་ཡང་དུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་དང་། བསམ་ཚུལ་བརྗེ་རེས་དང་གྲོས་མོལ་གང་ལེཊ། གོང་འོག་མཉམ་འགུལ། དངོས་ཐོག་བདེན་འཚོལ། དོན་དངོས་དང་མཐུན་པ་བཅས་བྱ་དགོས། ཁུར་པོ་ཡང་དུ་གཏོང་བ་དང་ནུས་པ་གཉིས་ཀ་འདོན་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཐད་མུ་མཐུད་གསོན་ཤུཊ་སྣོན་དགོས། རྩ་འཛུཊ་ཀྱི་འགོ་ཁྲིད་ལ་ཤུཊ་སྣོན་རྒྱག་པ་དང་། ལས་ཀའི་མཉམ་ཤུཊགཅིག་སྡུད་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་དུ་གཏོང་བ་བཅས་བྱས་ནས་གསལ་ཐོ་བཟོ་བའི་ལས་དོན་བརྟན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་ཡོད།

(ཉི་མ་ཆོས་སྒྲོན་དང་དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190656.html 1 གྲོང་ཁྱེར་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)གྱི་འགན་འཁྲི་ལག་བསྟར་དོན་ཚན་གྱི་གསལ་ཐོའི་ལས་དོན་སྐུལ་སློང་བཀོད་སྒྲིག་དང་གསོ་སྦྱོང་ཚོགས་འདུ་འཚོགས་པ། /enpproperty-->