分享按钮

སྡེ་ཚོགས་གྲོང་ཨུད་ཀྱིས་གཞོན་ནུའི་མཚན་མོའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

པར་འདི་ནི་དགེ་རྒན་གྱིས་ཡིག་གཟུགས་སྒྱུ་རྩལ་གྱི་འབྱུང་ཁུངས་གསལ་བཤད་བྱེད་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞོན་ནུའི་འཕེལ་རྒྱས་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་ལྷ་སའི་གཞོན་ནུའི་འཕེལ་རྒྱས་ཀྱི་དགོས་མཁོ་སྔར་བས་སྐོང་ཆེད། སྡེ་ཚོགས་གྲོང་ཨུད་ཀྱིས་གཞོན་ནུའི་བསམ་པའི་རིག་གནས་ཀྱི་དགོས་མཁོར་གཞི་ཚུགས་ནས་གཞོན་ནུར་ཞབས་འདེགས་ཞུ་རྒྱུ་ལྟེ་བར་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་ལོ་ཆུང་བྱིས་པའི་བྱེད་སྒོའི་ལྟེ་བའི་གཡུལ་སའི་ནུས་པ་འདོན་སྤེལ་བྱས་ཐོག་འཕེལ་རྒྱས་ཀྱི་སྤྲོ་སྣང་དང་དགའ་ཕྱོགས། མི་དང་མིའི་དབར་གྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ། ཁྱིམ་ཚང་གི་སློབ་གསོ་སོགས་ཀྱི་ནུས་པའི་ངེས་གནས་ལ་དམིགས་ནས་ཟླ་11ཚེས་5ཉིན་སྐབས་དང་པོའི་གཞོན་ནུའི་མཚན་མོའི་སློབ་གྲྭ་བཙུགས་པ་རེད།

ཉིན་དེའི་དགོང་མོར་ཡིག་གཟུགས་ལ་དགའ་བའི་གཞོན་ནུ་མི་ཉུང་བ་ཞིག་གཞོན་ནུའི་མཚན་མོའི་སློབ་གྲྭའི་ཡིག་གཟུཊ་སློབ་ཁྲིད་ལ་ཞུགས་ཡོད། སློབ་ཁྲིད་དགེ་རྒན་གྱིས་ཚང་མར་ཀྲུང་གོའི་ཡིག་གཟུགས་སྒྱུ་རྩལ་གྱི་འབྱུང་ཁུངས་དང་། བྱུང་རིམ་གྱི་ལོ་རྒྱུས། ཡིག་གཟུཊ་འབྲི་མཁན་ཞིག་ལ་ཚང་དགོས་པའི་གཅེས་ནོར་བཞི། ཡིག་གཟུཊ་འབྲི་རྩལ་གྱི་རྨང་གཞི། ཡིག་གཟུཊ་ཀྱི་གྲུབ་ཆ་སོཊ་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་དགེ་རྒན་གྱི་འགྲེལ་བཤད་ལ་ཉན་པ་དང་ཡིག་གཟུཊ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུཊ་ལ་ཞིབ་པར་མྱོང་རོལ་བྱས་པ་རེད། མེ་ཏོག་གི་སྒྱུ་རྩལ་སློབ་ཚན་ཁྲོད། སློབ་ཁྲིད་དགེ་རྒན་གྱིས་མེ་ཏོག་གི་རྒྱུ་ཆ་འདེམས་པ་དང་། ཚོན་མདངས་སྡེབ་སྦྱོར། མེ་ཏོག་སི་རའི་བཟོ་བཀོད། མེ་ཏོག་སྣོལ་བའི་གོ་རིམ་སོཊ་ཀྱི་ཐད་ནས་སློབ་མ་གཞོན་ནུ་ཚོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་མ་ཚོར་ཐབས་རྩལ་མི་འདྲ་བའི་མེ་ཏོག་བསྲེས་སྡེབས་བྱེད་སྟངས་བསླབས་ཡོད། སློབ་མ་རྣམས་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། སློབ་ཁྲིད་ལ་ནན་ཏན་གྱིས་ཉན་པ་དང་དགེ་རྒན་གྱིས་བཤད་པའི་གོ་རིམ་ལྟར་མེ་ཏོག་གི་རྒྱུ་ཆ་དེ་རིམ་བཞིན་ཁྱད་ཆོས་ལྡན་པའི་མེ་ཏོག་གི་གཟེབ་མར་གྱུར།

སློབ་མ་ཧོ་ལི་ཡིས་ཐེངས་འདིའི་མཚན་མོའི་སློབ་གྲྭའི་སློབ་ཁྲིད་ལས་ང་གཟའ་མིག་དམར་གྱི་མེ་ཏོག་སྒྱུ་རྩལ་སློབ་ཚན་དང་གཟའ་ཕུར་བུའི་གྱོན་ཆས་སློབ་ཚན་ལ་ཞུཊ་རྒྱུ་བྱས་ཡོད། སློབ་ཚན་འདིར་ཞུཊ་པའི་དམིཊ་ཡུལ་ནི་རང་ངོས་མཐོར་གཏོང་དང་། སེམས་ཁམས་བཟང་པོ་རྒྱུན་འཁྱོངས། གྲོཊ་པོ་དེ་བས་མང་བ་སྒྲིག་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད།

སྡེ་ཚོགས་གྲོང་ཨུད་ཀྱིས་དུས་འགོའི་འདྲི་ཤོག་བརྟག་དཔྱད་ཀྱི་རྨང་གཞིའི་ཐོག་ཕྱོཊ་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་དང་ཕུལ་བྱུང་དགེ་རྒན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཡིག་གཟུགས་དང་། མཛེས་རྩལ། ཞབས་བྲོ། ཁྱིམ་ཚང་སློབ་གསོ། མེ་ཏོག་བཟོ་རྩལ། ལས་གནས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ། ཁྱིམ་ཚང་གི་རྩལ་ནུས་སློབ་སྦྱོང་དང་སྤྲོ་སྣང་གསོ་སྦྱོང་སོགས་ཐད་ཀྱི་གཞོན་ནུའི་དགོས་མཁོ་དངོས་བསྐངས་ཡོད།

ཐེངས་འདིའི་གཞོན་ནུའི་མཚན་མོའི་སློབ་གྲྭའི་བྱེད་སྒོ་དེས་ལྷ་ས་གྲོང་ཁྱེར་གྱི་ལས་ཁུངས་ཁག་དང་། ཁེ་ལས། སློབ་གྲྭ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་གཞོན་ནུ་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། དེའི་ནང་ཞུགས་མཁན་གཙོ་བོ་ལོ་18ནས་45བར་ཡིན་ཞིང་། ལོ་རབས་དགུ་བཅུ་པའི་ནང་སྐྱེས་པའི་གཞོན་ནུ་མང་ཆེ་ཤོས་ཡིན། དེ་དང་ཆབས་ཅིག་གུང་གཞོན་སྡེ་ཚོགས་གྲོང་ཨུད་ཀྱིས་གཞོན་ནུའི་དགོས་མཁོར་གཞིགས་ནས་གཞོན་ནུའི་མཚན་མོའི་སློབ་གྲྭའི་སློབ་ཚན་ལེགས་སུ་གཏོང་བ་དང་། དགེ་རྒན་གྱི་དཔུང་ཁག་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ཚོར་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་མུ་མཐུད་ཆེ་རུ་གཏོང་བ། གཉེན་སྒྲིག་དང་གྲོགས་པོ་སྒྲིག་པ་དང་། རྩལ་ནུས་མཐོ་རུ་གཏོང་བ། སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ། ཁྱིམ་ཚང་གི་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

སྡེ་ཚོགས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་སྒྲོལ་མས་ཐེངས་འདིའི་བྱེད་སྒོར་གཞོན་ནུ་ཚོ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བློ་འདྲི་བའི་མི་གྲངས་སྐབས་ཤིག་རིང་4000ལྷག་ཙམ་ཟིན་ཡོད། མིག་སྔར་ང་ཚོས་སློབ་ཚན་གྱི་དགོས་མཁོ་གཞིར་བཟུང་མི་185བསྡུས་ཡོད། སྡེ་ཚོཊ་གྲོང་ཨུད་ཀྱིས་སྦྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་དོན་ལྔ་དང་འཐབ་ཇུས་ཆེན་པོ་བཞི་ལག་བསྟར་ཡག་པོ་བྱས་ནས་ལང་ཚོའི་སྟོབས་ཤུཊ་ལེཊ་སྐྱེས་སུ་ཕུལ་ཏེ་གྲོང་ཁྱེར་དང་གཞོན་ནུ་ཕྱོཊ་གཉིས་འཕེལ་རྒྱས་འགྲོ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190653.html 1 སྡེ་ཚོགས་གྲོང་ཨུད་ཀྱིས་གཞོན་ནུའི་མཚན་མོའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ། /enpproperty-->