分享按钮

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

(པར་ངོས་དང་པོར་མཐུད)སྲིད་ཇུས་དོན་འཁྱོལ་གྱི་མཐའ་མའི་འགག་གནད་ནུས་ཤུཊ་ཡོད་རྒུས་སེལ་དགོས། གསར་གཏོད་ཀྱི་ཁོར་ཡུག་སྔར་བས་ལེཊ་སུ་བཏང་ནས་ནུས་པ་ལྡན་པ་དང་།ཆ་རྐྱེན་འཛོམས་པའི་དམངས་གཉེར་ཁེ་ལས་ཀྱིས་རང་བརྟེན་གསར་གཏོད་ལ་ཤུཊ་སྣོན་རྒྱག་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུཊ་གསར་མ་འཕེལ་རྒྱས་བཏང་ནས་ཐོན་ཁུངས་ཀྱི་ལེཊ་ཆ་དང་།དཔལ་འབྱོར་གྱི་ལེཊ་ཆ། འཕེལ་རྒྱས་ཀྱི་ལེཊ་ཆ་བཅས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ།ཁྲིམས་སྐྱོང་ཁོར་ཡུག་སྔར་བས་ལེཊ་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོཊ་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ་ཕྱོགས་གཞན་ནས་ཡོང་པའི་ཚོང་པས་བློ་བདེའི་ངང་མ་འཇོག་བྱེད་པ་དང་། ཁེ་ལས་ཀྱིས་བློ་བདེའི་ངང་གཉེར་སྐྱོང་བྱེད་པ། རྣམ་གྲངས་བདེ་བླག་ངང་འགྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྲིད་ཚོང་ཁོར་ཡུག་སྔར་བས་ལེཊ་སུ་གཏོང་བ་དང་། སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པར་སྟངས་འཛིན་ཡག་པོ་བྱས་ཏེ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་། མདུན་དུ་ཞབས་ཞུ་སྒྲུབ་པ། ཁེ་ལས་དབར་གྱི་འབྲེལ་བ་ཁ་གསལ་གཏིང་གསལ་ཡོང་བར་བྱེད་པ། ཁེ་ལས་མཁས་ཅན་དང་འགྲོ་འོང་བྱེད་སྐབས་ལྷག་བསམ་ཟོལ་མེད་བཅས་བྱས་ཏེ་ཁྱིམ་མི་ལྟ་བུའི་འབྲེལ་བ་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་དུ་འབད་བརྩོན་བྱས་ན་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་ཐུབ། རེ་བར་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ཚོས་ཕུལ་བྱུང་གི་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཡིད་ཆེས་དང་། ཡིད་རྟོན་ལ་སྣང་ཆེན། ཡིད་རྟོན་སྲུང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ་བློ་སེམས་གཅིག་མཐུན་གྱིས་ཏང་ལ་ཁ་ཕྱོགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གསར་འབྱེད་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་དེ་བས་ལྕི་པོ་འཁུར་བ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

མུའུ་ཡུང་ཝུན་གྱིས་ཤིས་ཚིག་གསུང་སྐབས་གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོང་ལས་རིཊ་མཉམ་འབྲེལ་ལྷན་ཚོཊ་ཁོངས་གཏོཊ་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཊགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་དང་། མཐུན་སྒྲིལ་ཚོགས་འཛུགས། ཞབས་ཞུ་ཚོགས་དར། སྒྱུར་བཅོས་སྟོབས་ཆེར་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་དེ་བས་འབད་འབུངས་དང་དེ་བས་དངོས་སྒྲུབ་ཀྱི་བསམ་པའི་ཉམས་འགྱུར་དང་སྤྱོད་ཚུལ་ཐོག་ནས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་གསུངས་ཡོད།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190652.html 1 (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས) /enpproperty-->