(པར་ངོས་དང་པོར་མཐུད)ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ་དང་མང་ཚོཊ་ལ་ཡོམ་འགོག་ཡོམ་གཡོལ་དང་། བདེ་འཇཊ་ལྡན་པའི་སྡོད་གནས། མེ་བཏང་ནས་དྲོད་ལེན་པ། ཆུ་དང་གློག་སྤྱོད་སོཊ་ཀྱི་ལས་དོན་ཡག་པོ་སྒྲུབ་རོཊ་བྱས་ཏེ་མི་དམངས་མང་ཚོཊ་བདེ་འཇཊ་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་བྱེད་དགོས། འཕྲལ་སྡོམ་ཉེན་སེལ་གྱི་ལས་དོན་མགྱོཊ་མྱུར་ངང་ཡག་པོ་སྒྲུབ་དགོས་པ་དང་། མེ་ཟོན་འཕྲལ་སྡོམ་སོཊ་སྡེ་ཚན་གྱིས་འཕྲལ་སྡོམ་ནང་སྦྱོང་ལ་ཤུཊ་སྣོན་རྒྱག་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་ཆེའི་ཆ་ཤས་ཀྱི་འཕྲལ་སྡོམ་སྟོབས་ཤུཊ་གསོག་འཇོག་བྱེད་ཤུཊ་ཆེ་རུ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་དམག་འཐབ་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ཏེ་གེཊ་རྗེས་འཛུཊ་སྐྲུན་ཡག་པོ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱེད་པ། བདེ་འཇཊ་རང་བཞིན་དང་སྐྱིད་སྣང་དོད་པའི་རང་བཞིན་སྤྱི་འདོམས་བྱེད་པ། ས་ཆ་ཡག་པོ་འདེམས་པ་དང་བཀོད་སྒྲིག་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་གནོད་འཚེ་ཕོག་མཁན་མང་ཚོཊ་ལ་བདེ་འཇཊ་དང་། འཚོ་སྡོད་ལ་འཚམ་པ། སྐྱིད་སྣང་དོད་པ། མཛེས་སྡུག་ལྡན་པ་བཅས་ཀྱི་ཁྱིམ་གཞིས་སྐྲུན་རོཊ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་གསར་དུ་བསྐྲུན་པའི་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་ལག་རྩལ་ཕྱོཊ་བསྡུས་ཐོག་ཁང་སོཊ་གཙོ་གནད་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་ཝང་ཆང་གིས་རྫོང་ཁོངས་དཔལ་འབྱོར་ནི་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་དང་གཞི་སྒྲོམ་ཡིན་པས་འཆར་གཞི་ཡག་པོ་འགོད་དགོས། མལ་གྲོ་གུང་དཀར་རྫོང་གི་འགོ་ཁྲིད་ཚན་ཁག་གི་སེམས་ནང་ཕུགས་བསམ་ལྡན་པ་དང་སྔོན་དཔག་ཡོད་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་དམིཊ་ནས། རིམ་དབྱེ་དང་། རིཊ་དབྱེ། ཁག་བགོས་བཅས་ཀྱི་བསམ་ཕྱོཊ་ཁྱེར་ནས་རྫོང་ཡོངས་ཀྱི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྤྱི་འདོམས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ། མཛེས་སྡུག་ལྡན་པའི་འཆར་འགོད་འགོད་པ་བཅས་བྱེད་དགོས། རྣམ་གྲངས་ལ་འཆར་འགོད་ཡག་པོ་བྱེད་པ་དང་། རྫོང་རིམ་པ་དེ་གའི་ནོར་སྲིད་དང་རྒྱལ་ཁབ་ཀྱི་སྤོ་སྒྱུར་གཏོང་སྤྲོད་སོཊ་ནོར་ཤུཊ་ཀྱི་ཡོང་ཁུངས་ཁོང་དུ་ཆུད་པ། སྐྱེད་ཚལ་སྔོ་འགྱུར་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་སོཊ་ཕྱོཊ་མི་འདྲ་བ་དང་ཟུར་ཚད་མི་འདྲ་བའི་དགོས་མཁོར་དམིགས་པ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། གདིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྒྲོམ་གཞིའི་རང་བཞིན་གྱི་རྣམ་གྲངས་ཁག་གཅིག་འཆར་འགོད་གནད་སྨིན་བཅས་བྱེད་དགོས། ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ་རིག་གནས་ཡུལ་སྐོར་དང་ལྕགས་རིགས་གཏེར་ཁ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས“ཕྱིར་བསྐྱོད་པའི”སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་།“རིགས་གཅིག་མཁས་ཅན་ངོ་མ”གདན་ཞུ་བྱེད་པ། ཞིབ་འཇུག་ངོ་མ་བྱེད་པ། ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད། སྤྱི་ཡོངས་ཇུས་འགོད། གཞི་གཅིག་ཅན་གཏོད་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社