ཟླ་11ཚེས་4ཉིན་ནས་ཚེས་6ཉིན་བར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་ཞིང་།པར་འདི་ནི་ཚེས་5ཉིན་གྱི་སྔ་དྲོ།ཞི་ཅིན་ཕིང་གིས་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ཕན་ཅ་དབན་གྲོང་རྡལ་གྱི་ལེ་དབར་བཅུའི་སྔོ་ཚལ་བར་ཁྱམས་ལ་རྟོག་ཞིབ་གནང་སྐབས་ཚལ་འདེབས་ཞིང་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བའི་རྣམ་པ་ཡིན།
ཟླ་11ཚེས་4ཉིན་ནས་ཚེས་6ཉིན་བར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་པེར་རྟོག་ཞིབ་གནང་ཞིང་།པར་འདི་ནི་ཚེས་5ཉིན་གྱི་ཕྱི་དྲོ།ཞི་ཅིན་ཕིང་གིས་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་ཁང་དུ་རྟོག་ཞིབ་གནང་སྐབས་ཚན་ཞིབ་པ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བའི་རྣམ་པ་ཡིན།
ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་11ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཧུའུ་པེར་རྟོག་ཞིབ་གནང་སྐབས། ཧུའུ་པེས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གཏོད་པའི་ཁྲོད་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་འཛིན་ཡག་པོ་བཅས་བྱས་ཐོག རང་ངོས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ངར་ཤུགས་གཅིག་སྒྲིམ་དང་།ཡར་བརྩོན་བརྩོན་ལེན། སྙིང་རུས་གཏན་འཁྱོངས། ལས་དོན་སྒྲུབ་མཁས་བཅས་བྱས་ནས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་བརྟེན་ས་མགྱོགས་མྱུར་བསྐྲུན་ཚར་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་པེའི་ལེའུ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད།
ཟླ་11ཚེས་4ནས་6ཉིན་བར། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་མོང་ཧུའེ་དང་ཞིང་ཆེན་གྱི་འགོ་འཛིན་ཝང་ཀྲུང་ལིན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་ཤའོ་ཀན་དང་།ཞན་ཉིང་། ཝུའུ་ཧན་བཅས་སུ་ཕེབས་ནས། རྟེན་རྫས་བཤམས་མཛོད་ཁང་དང་།གྲོང་གསེབ། ཚན་རྩལ།ཐོན་ལས་གསར་གཏོད་སྟེགས་བུ་བཅས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད།
ཚེས་4ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཤའོ་ཀན་གྲོང་ཁྱེར་ཡུན་མོང་རྫོང་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་ས་འོག་ནས་ཐོན་པའི་ཆིན་ཧན་གྱི་སྨྱུག་དཔེ་འགྲེམས་སྟོན་ལ་གཟིགས་གནང་བ་རེད། འགྲེམས་སྟོན་བྱས་པའི་ཇིན་རྒྱལ་རབས་ཀྱི་བཅའ་ཁྲིམས་བཅོ་བརྒྱད་ཐོག་ནས། ལོ་ངོ་2200ལྷག་ཙམ་གྱི་སྔ་རོལ་ནས་རང་རྒྱལ་དུ་གནའ་རབས་ཀྱི་བཅའ་ཁྲིམས་ལམ་ལུགས་མ་ལག་ཆགས་ཡོད་པ་མཚོན་ཡོད། ཞི་ཅིན་ཕིང་གིས་སྨྱུག་དཔེའི་ནང་དོན་དང་། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社