分享按钮

ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30 འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཤའོ་ཡིའུ་ཚའེེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཐུས་མི་ཡོངས་ཀྱིས་མཉམ་དུ་དམངས་གཉེར་དཔལ་འབྱོར་དོན་གཉེར་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་70འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། འབད་འབུངས་ཡར་བརྩོན། ནུས་ཤུགས་ཡོད་རྒུས་འབད་འཐབ་བཅས་བྱས་ནས་དམངས་གཉེར་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་།རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་མུའུ་ཡུང་ཝུན་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་དང་། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་སྤྱི་ཝང་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་། འཇམ་དབྱངས་བློ་གྲོས། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། སྐལ་བཟང་ཚེ་བརྟན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ཧྥང་ཁུན་དང་། ཚེ་དབང་རྣམ་རྒྱལ། ཝང་ཀྲའོ་ཅི། བདེ་ཆེན་གཡུ་སྒྲོན། བསྟན་འཛིན་ནོར་བུ། ལིན་ཤིའུ་ལི་བཅས་དམངས་གཉེར་ཁེ་ལས་མཁས་ཅན་གྱི་འཐུས་མི་6གིས་སྔ་རྗེས་སུ་སྤེལ་རེས་གཏམ་བཤད་སྤེལ་ནས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཁས་ཅན་གྱིས་དུས་ཡུན་རིང་པོའི་ནང་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནི་ཏང་དང་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་ལ་དོ་དམ་དང་ཞབས་འདེགས་ཞུ་བའི་ལས་རོགས་ནུས་ལྡན་ཞིག་ཡིན་པར་མ་ཟད། ཏང་དང་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་མི་སྣར་འབྲེལ་གཏུགས་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་སྐྱོན་བྲལ་གཉིས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།ལྷ་སའི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་པ་དང་། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཞབས་ཞུའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་གཏོང་བ་དང་། ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྷ་ས་འདི་ཉིད་དམངས་གཉེར་ཁེ་ལས་ཀྱི་མ་འཇོག་ལས་དར་གྱི་གཤིན་སར་འགྱུར་བར་བྱེད་དགོས་པ། སྲིད་ཇུས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ཁེ་ལས་ཀྱི་གསོན་ཤུགས་འཕེལ་བའི་དམིགས་ཚད་ལ་དམིགས་ཏེ། ཁེ་ལས་ཀྱི་དགོས་མཁོ་འགན་ལེན་དང་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 ཤའོ་ཡིའུ་ཚའེེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། 6 6 拉萨日报藏文 c190648.html 1 ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་ངོ་30 འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->