分享按钮

ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་སྤྱི་ཚོགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་དོན། སྤྱི་ཚོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དེ་ཏང་གིས་ཡུན་རིང་སྲིད་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་ལ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྐྱིད་དང་ཡང་འབྲེལ་བ་ཡོད། དུས་རབས་གསར་པ་ཤར་ཚུན། ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ནས་སྤྱི་ཚོགས་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར། རང་རྒྱལ་གྱི་སྤྱི་ཚོགས་གྲུབ་ཆར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་།ལྷག་དོན་དུ་གསར་དར་ཁྱབ་ཁོངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ། དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་འབོར་ཆེན་ཐོན་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པའི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་འགྲོ་བཞིན་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-08 6 6 拉萨日报藏文 c190650.html 1 ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ། /enpproperty-->