ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་5ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་མལ་གྲོ་གུང་དཀར་རྫོང་དུ་ཡོམ་འགོག་གེགས་སེལ་དང་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་བླ་ན་མེད་པར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཉེ་རིང་ཟུང་འབྲེལ་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་ཡོམ་འགོག་གེགས་སེལ་གྱི་ནུས་པ་ཇེ་ཆེར་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏག་ཏིག་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཁ་བ་བབས་རྗེས་གནམ་མཁའ་གཡའ་དག་ཅིང་མལ་གྲོ་གུང་དཀར་རྫོང་དུ་དངུལ་དཀར་གྱི་ལྭ་བ་གྱོན་པ་ལྟར་མཛེས་ཤིང་ལྟ་ན་སྡུག་པར་གནས། རུ་ཐོག་ཤང་ལྟེ་བའི་སློབ་ཆུང་དུ་ཝང་ཆང་གིས་ཡུལ་དངོས་སུ་སློབ་མའི་གནས་སྐབས་ཞག་སྡོད་བཀོད་སྒྲིག་དང་ཨར་སྐྲུན་ཡོམ་འགོག་གི་ཆུ་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་ཡིན་པས་ངེས་པར་དུ་སློབ་གྲྭའི་ཡོམ་འགོག་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སློབ་མ་དང་། དགེ་རྒན། ལས་བཟོ་བ་བཅས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
རླངས་འཁོར་ལ་བཞུགས་ནས་རི་ལམ་བརྒྱུད་སྐབས་ཝང་ཆང་ཉེ་དུས་ས་ཡོམ་གྱི་ཤུགས་རྐྱེན་ཆེ་ཙམ་ཕོག་པའི་རུ་ཐོག་ཤང་ལྷ་ལུང་གྲོང་ཚོར་ཕེབས་ཏེ་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་ཁྱིམ་དུ་འཚམས་འདྲི་གནང་ཞིང་། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་གླེང་མོལ་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ཡོང་འབབ་ཀྱི་འབྱུང་ཁུངས། བསམ་པའི་གནས་ཚུལ་སོགས་མཁྱེན་རྟོགས་གནང་ཡོད། ཝང་ཆང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲིའི་དངུལ་སྤྲད་དེ་ཏང་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཚང་མའི་བདེ་སྡུག་ལ་སེམས་ཁྲལ་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་འབྲེལ་ཁོང་ཚོར་ཡིད་ཆེས་བརྟན་པོ་དང་། སྙིང་སྟོབས་ཆེར་སྐྱེད། བློ་བདེའི་ངང་འཚོ་བ་སྐྱེལ་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཏེ་གནོད་འཚེ་སྔོན་འགོག་དང་།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社