分享按钮

དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་དང་ མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱས་པ།

(པར་ངོས་གསུམ་པར་མཐུད)ཚད་གཞི་དེ་བས་མཐོ་བ་དང་། ཤུགས་ཚད་དེ་བས་ཆེ་བ། འགན་འཁྲི་འཁུར་སེམས་དེ་བས་ཆེ་བ་བཅས་ཀྱི་ཐོག་ནས་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཕྲ་བཅས་བྱས་ཏེ། ལས་གྲྭའི་སྤུས་ཚད་དེ་དུས་ཚོད་དང་མི་དམངས་མང་ཚོགས་ཀྱི་ཞིབ་བཤེར་ཐེག་ཐུབ་པར་བྱེད་དགོས།

དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པར་ཞིབ་ཕྲ་ཅན་གྱི་དོ་དམ་ཐད“ཕར་ཆིན་རྒྱག་པའི་སྙིང་རུས”འདོན་དགོས། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པའི་འགག་རྩ་ནི་ཞིབ་ཚགས་ཅན་གྱི་དོ་དམ་ཐད་གོང་འོག་ཚང་མར“ཕར་ཆིན་རྒྱག་པའི་སྙིང་རུས”ཡོད་དགོས། སྐད་ཆ་འདིས་གྲོང་ཁྱེར་འཛུགས་སྐྲུན་གྱི་ལྷུ་ཚིགས་རེ་རེར་ཞིབ་ཚགས་བྱེད་དགོས་པ་མཚོན་ཡོད། གྲོང་ཁྱེར་གྱི་འཆར་འགོད་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བར་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་ནས་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ཀྱི་ལྷུ་ཚིགས་རེ་རེའི་བར་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་དང་གྲོང་མིའི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད། ཕར་ཆིན་རྒྱག་སྐབས་ཁབ་སྐུད་རེ་རེ་བཞིན་འཚེམ་དགོས་པ་ལྟར་གྲོང་ཁྱེར་འཛུགས་སྐྲུན་དང་རྒྱུན་གཏན་གྱི་སྐྱེལ་འདྲེན་སྲུང་སྐྱོང་ཚང་མར་བརྒྱུད་རིམ་ཞིབ་ཕྲ་ཡོད་པ་དང་། ཞིབ་ཕྲའི་ལྷུ་ཚིགས་ཚང་མར་ནུས་ཤུགས་གང་ཡོད་བཏོན་ཏེ་གྲོང་ཁུལ་རྙིང་པར་སྒྱུར་བཀོད་དང་གྲོང་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་དོན་ཆེན་ལ་དམ་འཛིན་བྱེད་དགོས་པར་མ་ཟད། འཕྲོད་བསྟེན་དང་སྔོ་འགྱུར་ལ་སྲུང་སྐྱོང་བྱེད་པའི་དོན་ཆུང་ལའང་དམ་འཛིན་བྱས་ནས། གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་དང་ཞབས་ཞུའི་ཞན་ཆ་སྣ་ཚོགས་རྒྱུན་ཆད་མེད་པར་གསབ་དགོས། དེ་དང་ཆབས་ཅིག་ཞིབ་ཚགས་ཅན་གྱི་དོ་དམ་ཐད་ཕར་ཆིན་རྒྱག་པ་ལྟ་བུའི་འབད་བརྩོན་བྱེད་དགོས་པས། གྲོང་ཁྱེར་དོ་དམ་པའི་ནུས་ཤུགས་ཡོད་རྒུ་འདོན་པ་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས་ལ། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་དེའི་ནང་ཧུར་ཐག་ཞུགས་རྒྱུར་དྲིལ་བསྒྲགས་དང་ཁྲིད་སྟོན་དེ་བས་ཀྱང་བྱེད་དགོས། མིག་སྔར། རང་གྲོང་གི་གླིང་སྐོར་ལམ་དང་། པེ་ཅིང་ལམ། ཅང་སུའུ་ལམ་སོགས་གཞུང་ལམ་ཁག་12ཀྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་རིམ་སྤོར་རྣམ་གྲངས་གོ་རིམ་ལྡན་པ་དང་ཚ་ཚ་འུར་འུར་ངང་ལག་བསྟར་བྱེད་བཞིན་ཡོད། རྣམ་གྲངས་སྐྲུན་རིང་ང་ཚོར་སྟབས་མི་བདེ་བ་མང་པོ་འཕྲད་ཡོད་མོད། དེ་དག་ཚང་མ་ནི་ང་ཚོའི་འབྱུང་འགྱུར་གྱི་འཚོ་བ་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པ། དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་ཆེད་དུ་རེད། འགྲོ་སྐྱོད་སྟབས་བདེ་མེད་པ་ནི་གནས་སྐབས་ཙམ་ཡིན་པས། རྣམ་གྲངས་ཁག་ལེགས་གྲུབ་ཟིན་རྗེས་ང་ཚོས་དེ་བས་སྟབས་བདེ་བའི་འགྲིམ་འགྲུལ་དང་།འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད། མཛེས་སྡུག་ལྡན་པའི་འཚོ་བ་བཅས་ལོངས་སུ་སྤྱོད་ཐུབ་རྒྱུ་རེད། དེར་བརྟེན་ང་ཚོ་ཚང་མས་ཕྱར་བ་གྲུ་འདེཊ་བྱས་ཚེ་གཞི་ནས་གྲོང་ཁྱེར་འཛུཊ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འཆར་འགོད་གསར་པ་ལེགས་འགྲུབ་ཡོང་ངེས་རེད།

མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ནམ་ཡང་མཚམས་འཇོག་མི་སྲིད་ལ་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དེའང་ནམ་ཡང་མཚམས་འཇོག་མི་སྲིད།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་གྱི་ལས་དོན་ཁྲོད་ང་ཚོས་ངེས་པར་དུ་གྲོང་ཁྱེར་ལས་དོན་གྱི་དུས་བབ་གསར་པ་དང་། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བླང་བྱ་གསར་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་བཅས་དང་འཚམ་པར་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྲིད་སྟོན་དུ་བྱེད་པ་དང་། གྲོང་ཁྱེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་ལག་བསྟར་བྱེད་པ། དམངས་འཚོའི་བདེ་སྐྱིད་ཟབ་ཏུ་གཏོང་རྒྱུ་དེ་གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་གི་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱེད་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་ནན་ཏན་བྱེད་པ། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པའི་འདུ་ཤེས་དེ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཞིབ་ཕྲའི་ལག་ལེན་ཁྲོད་མངོན་པ་བཅས་བྱས་ཏེ། སྡོད་གནས་དང་། ལས་སྒྲུབ། ཡུལ་སྐོར་བཅས་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་འཚོ་བ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གོམ་སྟབས་གསར་པ་དང་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་ངེས་ཡིན།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190535.html 1 དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་དང་ མི་དམངས་མང་ཚོགས་དེ་བས་བདེ་སྐྱིད་ཡོང་བར་བྱས་པ། /enpproperty-->