ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་སྐབས་བཅུ་གཉིས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་ཆེད་ལས་ནུས་པ་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་།དེའི་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་མཚོན་ཡོད།ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་བསམ་བློའི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རེད།
སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པར་བླང་བྱ་བཏོན་དོན།ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་།ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་པ་སྟེ། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་སློབ་གསོའི་མཛད་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་བརྒྱུད་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས། ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་སྟེ། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་ལོ་ཆུང་གདོང་ལེན་རུ་ཁག་གི་གཞི་རྩའི་ཤེས་བྱ་དང་ཆེད་ལས་ཀྱི་རྩལ་ནུས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས།དཔེར་ན།བྱེད་སྒོ་ཇུས་འགོད་དང་།སེམས་ཁམས་ཀྱི་ཟུར་ཁྲིད། ཚོགས་པ་འཛུགས་པ་སོགས་རེད།དུས་མཚུངས་སུ་ལོ་ཆུང་གདོང་ལེན་རུ་མི་དང་། ཁྱིམ་བདག སློབ་གྲྭ སྤྱི་ཚོཊ་ལས་རིགས་ཁག་བཅས་དང་འབྲེལ་གཏུགས་དང་མཐུན་སྦྱོར་བྱེད་ཤུཊ་ཆེ་རུ་བཏང་ནས་ལོ་ཆུང་གདོང་ལེན་རུ་མི་འཚར་ལོངས་ཡོང་བར་ཕན་པའི་ཁོར་ཡུག་ཐུན་མོང་ཐོག་གཏོད་དགོས།
ལག་ལེན་གསར་གཏོད་ལ་མཐོང་ཆེན་བྱས་ནས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་སྟེ། གསོ་སྦྱོང་བྱེད་རིང་དཔེ་མཚོན་ལ་དབྱེ་ཞིབ་དང་འདྲ་བཟོའི་ནང་སྦྱོང་བྱས་པ་བརྒྱུད་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དངོས་སྦྱོང་ནུས་པ་ཆེ་རུ་གཏོང་བ་དང་།ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པས་དོན་དངོས་དང་ཟུང་འབྲེལ་དང་བློ་ཁོག་ཆེན་པོས་གསར་གཏོད་བྱས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་གྱི་བྱ་ཐབས་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ།དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་འཕེལ་རྒྱས་ལ་གསོན་ཤུཊ་གསར་པ་སྣོན་དགོས།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社