分享按钮

ཞི་ཅིན་ཕིང་གིས་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་མཁའ་མཆོང་དམག་གི་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་ དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་གང་ཐུབ་བྱེད་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)

དེ་རྗེས། ཞི་ཅིན་ཕིང་གིས་མཁའ་མཆོང་དམག་གི་དཔུང་སྡེའི་ལོ་རྒྱུས་འགྲེམས་ཁང་དུ་གཟིགས་སྐོར་གནང་ཡོད། དཔུང་སྡེ་དེ་ནི་ལོ་རྒྱུས་གཏིང་ཟབ་ལྡན་ལ་བྱས་རྗེས་གཟེངས་སུ་ཐོན་པའི་དཔའ་བོའི་དཔུང་སྡེ་ཞིག་ཡིན་ཞིང་། གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་དམག་འཁྲུག་གི་མེ་ལྕེའི་ཉམས་སད་ཐེག་སྟེ། ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་ཧྲང་ཀན་ལིན་གཡུལ་འགྱེད་ཁྲོད་རྒྱལ་ཁབ་ཀྱི་ཟིལ་ཤུགས་དང་དམག་དཔུང་གི་ཟིལ་རྔམ་མངོན་ཡོད་པ་དང་། ཞི་བདེའི་འཛུགས་སྐྲུན་གྱི་དུས་སྐབས་སུ་ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་བྱས་ཤིང་། དཔའ་བོའི་མཉམ་སྡེབ་དང་དཔའ་བོ་དཔེ་བཟང་མི་སྣ་འབོར་ཆེན་ཞིག་ཐོན་ཡོད། ཞི་ཅིན་ཕིང་གིས་ཞིབ་ཅིང་ཕྲ་བའི་ངང་འགྲེམས་སྟོན་ལ་གཟིགས་པ་དང་འགྲེལ་བཤད་ནན་ཏན་ངང་གསན་གནང་ཡོད། ཁོང་གིས་ཚང་མར། གསར་བརྗེའི་ཐོན་ཁུངས་ཀྱི་བཟང་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། དཔོན་དམག་གིས་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་ཡག་པོ་གཏོང་རྒྱུར་སློབ་གསོས་ཁྲིད་སྟོན་བྱས་ནས། དུས་རབས་གསར་པའི་དཔའ་བོའི་རྒྱུན་འཛིན་པ་བརྩོན་ལེན་བྱེད་དགོས་པའི་བཀའ་མངཊ་གནང་ཡོད།

མཁའ་མཆོང་དམག་གི་དཔུང་སྡེའི་ལས་དོན་སྙན་སེང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། ཁོང་གིས། འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་ངེས་ཐོག དམག་གྲབས་དང་དམག་རྒྱག་གི་འདུ་ཤེས་ཟབ་ཏུ་བཏང་ནས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས། དེང་རབས་དམག་འཁྲུག་གི་མཁའ་མཆོང་སྟོབས་ཤུགས་སྤྱོད་པའི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། མཁའ་མཆོང་དམག་འཐབ་ཀྱི་བསམ་བློ་དང་འདུ་ཤེས་གསར་སྒྱུར་བྱེད་པ། དམག་འཐབ་བྱེད་སྟངས་དང་དམག་ཤུཊ་སྤྱོད་སྟངས་གསར་གཏོད་བཅས་བྱས་ནས། མཁའ་མཆོང་དམག་གི་དཔུང་སྡེའི་ཐུན་མོང་མ་ཡིན་པའི་བཟང་ཆ་འདོན་སྤེལ་ཡག་པོ་བྱེད་དགོས། རྨང་གཞིའི་སྦྱོང་བརྡར་དང་གཙོ་གནད་དང་དཀའ་གནད་ཆེ་བའི་སློབ་ཚན་གྱི་ཆེད་དོན་ནང་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྙོག་འཛིང་དང་དཀའ་ངལ་ཆེ་བའི་ཆ་རྐྱེན་ལ་གཞི་ཚུཊ་ནས་རྒྱུ་རྐྱེན་ཡོངས་དང་མ་ལག་གྲུབ་པ། དངོས་གཉེར་ཅན་བཅས་ཀྱི་སྦྱོང་བརྡར་ལ་ཤུཊ་སྣོན་རྒྱག་པ། དམག་རིཊ་དང་དཔུང་རིཊ་གཞན་དག་དང་མཉམ་དུ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། དམག་འཐབ་སྦྱོང་བརྡར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཉམ་འབྲེལ་བཀོད་འདོམས་དང་མཉམ་འབྲེལ་བྱ་སྤྱོད། མཉམ་འབྲེལ་འགན་ལེན་བཅས་ཀྱི་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། མ་ལག་འཛུགས་སྐྱོང་གི་བསམ་བློ་ལག་བསྟར་བྱས་ནས། མཁའ་མཆོང་དམག་འཐབ་ཀྱི་སྟོབས་ཤུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཐག་ཡོངས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མ་ལག་གྲུབ་པའི་སྒོ་ནས་དམག་འཐབ་ཀྱི་ནུས་པ་ཆགས་པར་བྱེད་དགོས། སྤུས་གསར་འཐབ་ནུས་འཛུགས་སྐྱོང་གི་ལག་ལེན་གྱི་འཚོལ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་གྱི་ཚན་རྩལ་གྲུབ་འབྲས་སྤྱད་ནས་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་ལ་ནུས་པ་སྤྲོད་པ་དང་ཕན་འབྲས་ཆེ་རུ་བཏང་ནས། འཐབ་ནུས་ཆགས་ཐབས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་དམིགས་ཏེ། མཁའ་མཆོང་དམག་འཐབ་ཀྱི་ལྟེ་བའི་ནུས་པར་དམ་འཛིན་བྱེད་པ་དང་། ལོ་ལྔ་ཚན་འཆར་གཞི་བཅུ་བཞི་པའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱས་ནས། དུས་བཀག་ལྟར་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ། མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་གི་འཆར་འགོད་དང་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། དམིགས་འབེན་དང་ལམ་ཐིག ཨར་ལས་བཅས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པ་བྱེད་དགོས་ཞེས་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱས་ཏེ། ཆབ་སྲིད་ལས་དོན་གྱི་ཟིལ་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་དག་ཐེར་སྦྱོང་བརྡར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་འཇོན་ཐང་ཆེ་བའི་ཏང་རྩ་འཛུགས་སྲ་བརྟན་ཞིག་འཛུགས་སྐྱོང་བྱེད་པ། དཔོན་དམག་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་བྱས་ནས། དཔའ་བོའི་དཔུང་སྡེ་ཐོག་མཐའ་བར་གསུམ་དུ་དྭངས་གཙང་དང་གཟི་བརྗིད་ལྡན་པ་ཡོང་རྒྱུར་འགན་ལེན་བྱེད་དགོས། ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པ་མཐའ་འཁྱོངས་བྱེད་པ་དང་། དམག་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱ་རྒྱུར་ཤུཊ་སྣོན་ཆེན་པོ་རྒྱག་པ། ལག་ལེན་ཁྲོད་སྦྱོང་བརྡར་དང་རྩལ་ནུས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཁའ་མཆོང་དམག་ལ་དམིགས་བསལ་དུ་ཡོད་པའི་ངར་ཤ་དང་བློ་སྟོབས་སྐྱེད་སྲིང་བྱེད་དགོས། ཁྲིམས་ལྟར་དམག་སྐྱོང་བ་དང་དམག་ནན་པོས་སྐྱོང་བའི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་ནས། སློབ་གསོ་དང་དོ་དམ་ནན་པོ་བྱེད་པ་དང་། ཚད་མཐུན་སྒྲིག་ལམ་སྲུང་འཛིན་བྱས་ཏེ། དཔུང་སྡེའི་གཅིག་སྡུད་གཅིག་གྱུར་ཚད་མཐོན་པོ་དང་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། རིམ་པ་ཁག་གིས་གཙོ་གནད་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་ལ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྷག་བསམ་ཟོལ་མེད་ངང་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ། རྒྱ་ཆེའི་དཔོན་དམག་གི་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་འཕེལ་བ་བཅས་བྱས་ཏེ་ཕྱར་བ་གྲུ་འདེགས་ངང་མཁའ་མཆོང་དམག་གི་དཔུང་སྡེ་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཧོ་ཝེ་ཏུང་སོཊ་གཟིཊ་ཞིབ་ནང་ཞུཊ་ཡོད།

(བྱམས་པ་ཚེ་རིང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190534.html 1 ཞི་ཅིན་ཕིང་གིས་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་མཁའ་མཆོང་དམག་གི་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་ དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་གང་ཐུབ་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->