分享按钮

(པར་ངོས་དང་པོར་མཐུད)སྡེ་ཚན་ཁག་གིས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ།དངོས་ཐོག་བདེན་འཚོལ།དམ་པ་དོན་གཉེར་བཅས་བྱས་ཏེ་ལས་ཀའི་བླང་བྱ་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་མཛུབ་སྟོན་གནང་བ་རེད།

ཀྲའོ་ཧུའེ་ཉན་གྱིས་གཅིག་ནས་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་དགོས། དེ་ཡང་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ།ལས་དོན་གྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱས་ཏེ།ད་ཐེངས་ཀྱི་ཚོགས་འདུ་དེ་གོ་སྐབས་སུ་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་ངར་ཤུགས་གཅིག་སྒྲིལ་བྱེད་པ་དང་། དམིགས་ཚད་དང་ཚད་འཛིན་ལ་གཞིགས་ནས་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།དུས་ཚོད་ཀྱི་མཚམས་ཚིགས་ཁོང་དུ་ཆུད་པ་བཅས་བྱས་ཏེ་ལས་དོན་ཁག་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱེད་པ་དང་གཏན་འཁེལ་བྱས་པའི་ལས་འགན་ཁག་རེ་རེ་བཞིན་ལེགས་སྒྲུབ་ཡག་པོ་བྱེད་པ།དོན་དམ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས། གཉིས་ནས་དོན་དམ་པའི་འགན་འཁུར་ལ་ཤུགས་སྣོན་རྒྱག་དགོས།དེ་ཡང་གྲོང་ཁྱེར་ཏང་ཨུད་ཀྱི་ལས་ཀའི་ལྟེ་བར་རྩེ་གཅིག་ཏུ་དམིགས་ཏེ། རྩ་དོན་ལྔ་མཐའ་འཁྱོངས་དང་།འཐབ་ཇུས་ཆེན་པོ་བཞི་ལག་བསྟར།ལས་དོན་ཁག་བཅུ་ལ་དམ་འཛིན་ཡག་པོ་བཅས་བྱེད་རིང་འགན་འཁྲི་འཁུར་ཕོད་པ་དང་། ལས་དོན་སྒྲུབ་མཁས་པ།གསར་གཏོད་བྱེད་ཕོད་པ་བཅས་བྱེད་དགོས་པ་དང་།སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཐད་བློ་ཡིད་ཚིམ་པའི་རྒྱུགས་ལན་ནུས་ཤུགས་ཡོད་རྒུས་འབུལ་དགོས། དུས་བཀག་ནང་ཕྱིར་མིག་ལྟ་བའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།ལྟ་སྐུལ་ཞིབ་བཤེར་གྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱས་ཏེ། ལག་བསྟར་བྱེད་པའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་དག་ནུས་ཤུགས་ཡོད་རྒུས་སེལ་དགོས་པར་མ་ཟད། དོན་དག་ཚང་མར་ལན་ཡོད་པ་དང་དོན་དག་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གསུམ་ནས་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། དེ་ཡང་ཁྱབ་ཁོངས་ཁག་དང་ཚན་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས་ལས་དོན་ཁག་རྟག་ཏུ་སེམས་ནང་འཇོག་པ་དང་།ལག་ལེན་དུ་བསྟར་བ།བྱ་སྤྱོད་ཐོག་འཁྱོལ་བ་བཅས་བྱེད་པ།བབ་བསྟུན་འཕྲལ་སྒྲུབ་དང་གནོན་ཤུགས་ཆེན་པོས་མདུན་སྐྱོད་བྱས་ཏེ་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་དང་།བསམ་པའི་འཁྱེར་སོ་ལེགས་པ།འབད་འབུངས་ཀྱི་ལས་ཀའི་ཉམས་འགྱུར་བཅས་ཀྱི་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་གསུངས་གནང་བ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190533.html 1 /enpproperty-->