分享按钮

ཞི་ཅིན་ཕིང་གིས་པོ་ཚི་ཝ་ནའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་པོ་ཁོ་དང་ཧྥི་ཅིའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་ལཱ་ལ་པ་ལ་ཝུའུ་སོ་སོར་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུའུ་མ་པོ་ཁོར་གློག་འཕྲིན་སྤྲིངས་ནས་ཁོང་པོ་ཚི་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན།

ཀྲུང་གོ་དང་པོ་ཚི་ཝ་ན་ནི་སྲོལ་རྒྱུན་གྱི་མཛའ་གྲོགས་ཤིག་ཡིན།ཉེ་བའི་ལོ་ཤས་རིང་།རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད་པ་དང་།རྨང་གཞིའི་སྒྲིག་བཀོད་དང་།ནུས་རྒྱུ་གཙང་མ།སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།ངས་ཀྲུང་གོ་དང་པོ་ཚི་ཝ་ན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ།སྲིད་འཛིན་ལ་བདམས་ཐོན་བྱུང་བའི་པོ་ཁོ་དང་མཉམ་དུ་འབད་བརྩོན་བྱས་ཏེ།ཕྱོགས་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་གཏོད་འདོད་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ།ཟླ་11ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལཱ་ལ་པ་ལ་ཝུའུ་ལ་གློག་འཕྲིན་སྤྲིངས་ནས་ཁོང་ཧྥི་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན།

ཧྥི་ཅི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཅིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་49སོང་རིང་ཀྲུང་ཧྥིའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ལའང་སྐུལ་མ་ཐེབས་ཡོད། ངས་ཀྲུང་ཧྥིའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ།སྲིད་འཛིན་ལ་བདམས་ཐོན་བྱུང་བའི་སྐུ་ཞབས་ཉིད་དང་མཉམ་དུ་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་།སྐྱོན་བྲལ།བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བསྐྲུན་འདོད་ཡོད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190520.html 1 ཞི་ཅིན་ཕིང་གིས་པོ་ཚི་ཝ་ནའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་པོ་ཁོ་དང་ཧྥི་ཅིའི་སྲིད་འཛིན་ལ་བདམས་ཐོན་བྱུང་བའི་ལཱ་ལ་པ་ལ་ཝུའུ་སོ་སོར་རྟེན་འབྲེལ་གློག་འཕྲིན་སྤྲིངས་གནང་བ། /enpproperty-->