分享按钮

ཞི་ཅིན་ཕིང་གིས་མཁའ་མཆོང་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་སྐབས།

དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་མཁའ་མཆོང་དམག་གི་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་གང་ཐུབ་བྱེད་དགོས་པའི་ནན་གསུངས་གནང་བ།

ཟླ་11ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཁའ་མཆོང་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་བར་ཕེབས་ཤིང་། པར་འདི་ནི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་མཁའ་མཆོང་དམག་གི་དཔོན་དམག་གི་འཐུས་མིར་མཇལ་འཕྲད་གནང་བཞིན་པའི་རྣམ་པ་ཡིན།

ཤིན་ཧྭ་གསར་འགྱུར་ཁང་ཤའོ་ཀན་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚེས་4ཉིན་མཁའ་མཆོང་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་བར་ཕེབས་ཡོད། ཁོང་གིས་ནན་གསུངས་གནང་དོན། རང་དམག་གི་སྟོབས་ཤུགས་མ་ལག་དང་དམག་འཐབ་མ་ལག་ཁྲོད་དུ་མཁའ་མཆོང་དམག་གི་དཔུང་སྡེར་དམིགས་བསལ་གྱི་ནུས་པ་གལ་ཆེན་ལྡན་ཡོད་པས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པ། མཁའ་དམག་བརྗེ་སྒྱུར་འཛུགས་སྐྱོང་གི་བླང་བྱ་དོན་འཁྱོལ་བྱེད་པ། དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མཁའ་མཆོང་དམག་གི་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་གང་ཐུབ་བྱེད་དགོས།

འབྲས་ལྡན་སྟོན་གྱི་དུས་སུ་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག ཕྱི་དྲོའི་ཆུ་ཚོད་3པ་ཙམ་ལ་ཞི་ཅིན་ཕིང་མཁའ་མཆོང་དམག་གི་དཔུང་སྡེའི་ལས་ཁུངས་སུ་ཕེབས་ཤིང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་མཁའ་མཆོང་དམག་གི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་གནང་ཡོད།དྲན་རྟེན་སྐུ་པར་བསྐྱོན་གྲུབ་རྗེས། ཞི་ཅིན་ཕིང་གིས་མཁའ་མཆོང་དམག་འཐབ་དང་འགན་སྲུང་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་དང་། དཔེ་མཚོན་གོ་མཚོན་སྒྲིག་ཆས་ཀྱི་ལག་རྩལ་དང་འཐབ་རྩལ་ནུས་པར་མཁྱེན་རྟོགས་ཞིབ་ཕྲ་གནང་བར་མ་ཟད། འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་གནང་ཡོད། ལོ་འདི་དག་རིང་མཁའ་མཆོང་དམག་གི་དཔུང་སྡེའི་གོ་མཚོན་སྒྲིག་ཆས་མ་ལག་འཛུགས་སྐྱོང་ལ་ཕན་འབྲས་ཡག་པོ་ཐོན་པ་མཁྱེན་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་ནན་གསུངས་གནང་དོན། དམག་འཐབ་ཀྱི་དགོས་མཁོའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མཁའ་མཆོང་སྒྲིག་ཆས་ཚད་ལྡན་ཅན་དང་མ་ལག་ཅན། ཀུན་འཕྲོད་ཅན་བཅས་ཀྱི་འཛུགས་སྐྱོང་དང་དམག་འཐབ་དངོས་ནང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མཁའ་མཆོང་སྒྲིག་ཆས་ཀྱི་མ་ལག་གསར་པ་འཛུགས་དགོས།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 ཞི་ཅིན་ཕིང་གིས་མཁའ་མཆོང་དམག་གི་དཔུང་སྡེར་གཟིགས་ཞིབ་གནང་སྐབས། 6 6 拉萨日报藏文 c190521.html 1 དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་མཁའ་མཆོང་དམག་གི་དམག་འཐབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དེང་རབས་ཅན་གྱི་མཁའ་མཆོང་དམག་གི་དཔུང་སྡེ་སྟོབས་ཆེན་ཞིག་བསྐྲུན་གང་ཐུབ་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->