ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་5ཉིན་གྱི་སྔ་དྲོར་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་གྱིས་འགན་འཁུར་ཁྱབ་ཁོངས་དང་ཁག་བགོས་དོ་དམ་སྡེ་ཚན་གྱི་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ།སྡེ་ཚན་ཁག་གི་མིག་སྔའི་ལས་དོན་གཙོ་བོའི་ཁྲོད་དུ་གནས་པའི་གནད་དོན་དང་དཀའ་ངལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས་དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་དང་།སྡེ་ཚན་ཁག་ལ་ཡིད་ཆེས་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་བྱ་རྒྱུའི་སྐུལ་སློང་བྱས་ཏེ།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཐོག ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལས་ཀའི་བཀྲག་མདངས་འཚེར་ས་དང་།མིག་སྔའི་གཙོ་གནད་དང་དཀའ་གནད། སླད་ཕྱིན་གྱི་ལས་ཀའི་བསམ་ཕྱོགས་བཅས་སྐོར་གྱི་སྡེ་ཚན་ཁག་གི་སྙན་ཞུར་ནན་ཏན་ངང་གསན་རྗེས། ཀྲའོ་ཧུའེ་ཉན་གྱིས་ད་ལོའི་ཚུན་དུ་རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་ལ་ཕྱོགས་ནས་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་།གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་པས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།དུས་ཚིགས་བཞི་པ་ནི་མཐའ་མའི་གདོང་མཆོང་དང་ཐག་གཅོད་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་ཤིག་ཡིན།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社