ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།
ད་ལོའི་ཟླ་7ཚེས་1ཉིན། སྤྱི་བདེ་པུས་སྤྱི་བདེའི་འགྲིམ་འགྲུལ་དོ་དམ་གྱི་དམངས་ཕན་ཁེ་ལས་ཀྱི་སྒྱུར་བཅོས་བྱ་ཐབས་གསར་པ་ཁག་8བཏོན་ནས་ལག་བསྟར་བྱས་ཤིང་།གྲོང་ཁྱེར་60ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་གློག་རྡུལ་ཅན་དུ་འགྱུར་བའི་ཚོད་ལྟ་ཁྱབ་གདལ་དུ་བཏང་ཡོད། ལྷ་ས་གྲོང་ཁྱེར་ནི་ཚོད་ལྟའི་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པའི་ངོས་ནས་དང་ལེན་ཧུར་ཐག་བྱས་པ་དང་འབྲེལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར།འཁོར་བདག་ཁྲི་22དང་2000ལྷག་ཙམ་ལ་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་སྤྲད་ཡོད།
ཉེ་ཆར། སྒྱུར་བཅོས་ཀྱི་ཕན་པ་ཐོབ་ཁྱོན་སྔར་བས་ཆེ་རུ་གཏོང་ཆེད། སྤྱི་བདེ་པུས་ཟླ་11ཚེས་4ཉིན་ནས་ཟླ་12ཚེས་2ཉིན་བར་རྒྱལ་ཡོངས་སུ་ཁག་གསུམ་དུ་བགོས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ཆོག་པའི་གློག་རྡུལ་ལག་ཁྱེར་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ་ལས་དོན་གྱི་འགྲོ་ལུགས་གཉེར་སྟངས་སྟབས་བདེ་རུ་བཏང་ཡོད་ལ།ལག་ཁྱེར་སྤྱོད་སྟངས་ཀྱང་སྟབས་བདེ་རུ་ཕྱིན་ཡོད།དེ་བས་མང་ཚོགས་ཀྱི་ལས་སྒྲུབ་དང་ཕྱིར་སྐྱོད་ལ་སྔར་བས་སྟབས་བདེ་བསྐྲུན་ཡོད། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社