分享按钮

ད་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ འཛད་སྤྱོད་ཐད་སྒོར་དུང་ཕྱུར་9.08སྐུལ་ཁྲིད་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འཛད་སྤྱོད་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། འཛད་སྤྱོད་ཁྲོམ་ར་དར་རྒྱས་གཏོང་བ་བཅས་བྱ་ཆེད། ད་ལོ་ནས་བཟུང་། ཁྲེང་ཀོན་ཆུས་ཚོང་དོན་ཅུས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དང་། 《ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་ཁག་8》 འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེ་བཅས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རིམ་སྤེལ་བྱེད་སྒོ་3སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་ཁེ་ལས་ཀྱིས་དང་ལེན་བྱེད་པའི་མཉམ་ལས་ཀྱི་རྣམ་པ་བརྒྱུད་ས་ཁོངས་ཀྱི་འཛད་སྤྱོད་ཐད་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད། ད་ལོའི་ཟླ་11ཚེས་1ཉིན་བར། རིམ་རྩིས་བྱས་ན་འཛད་སྤྱོད་ཐད་སྒོར་དུང་ཕྱུར་9.08སྐུལ་ཁྲིད་ཐུབ་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

ད་ལོ་ནས་བཟུང་། ཁྲེང་ཀོན་ཆུས་ཀྱིས་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་། ཁྲོམ་རས་འཁོར་རྒྱུག་བྱེད་པ། ཁེ་ལས་དང་དམངས་ལ་ཕན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་5900བཏང་སྟེ།“སྐྱིད་པའི་ཁྲེང་ཀོན་དང་འཚོ་བར་ལོངས་སྤྱོད”ཅེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-07 6 6 拉萨日报藏文 c190517.html 1 ད་ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ འཛད་སྤྱོད་ཐད་སྒོར་དུང་ཕྱུར་9.08སྐུལ་ཁྲིད་བྱས་པ། /enpproperty-->