(པར་ངོས་དང་པོར་མཐུད)དུས་རབས་གསར་པའི་ཧྲང་ཧའེ་གྲོང་ཁྱེར་ལ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་བཅས་གླེང་བ་དེ་ནི་དོན་སྙིང་ཧ་ཅང་ཆེ་བའི་བྱ་བ་ཞིག་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ། ཁྱེད་ཚོས་མུ་མཐུད་ཉེ་འགྲམ་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བརྗོད་དེ། གྲོང་མི་དེ་བས་མང་བས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་རྒྱུ་དང་།གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཐུན་མོང་ཐོག་བསྐྲུན་རྒྱུ་དང་བདེ་སྐྱིད་དཔལ་ལ་རོལ་བའི་འཚོ་བ་ཐུན་མོང་ཐོག་གཏོད་རྒྱུར་ཁྲིད་སྟོན་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་ཡོད།
སྤྱི་ལོ་2019ལོའི་ཟླ་11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན། མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་ཞེས་པའི་འདུ་ཤེས་ཐོག་མར་བཏོན་གནང་བ་དང་། དེ་རྗེས་ཧྲང་ཧའེ་ཡི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། རྒན་རྒོན་སྒྲོག་འགྲེལ་ཚོགས་པ་ནི་དུས་ཡུན་རིང་པོའི་ནང་ཧྲང་ཧའེ་ཡང་ཕུའུ་ཆུས་སུ་ཕྱག་ལས་གནང་བ་དང་འཚོ་བ་སྐྱེལ་བའི་ལས་བྱེད་པ་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། རིགས་གཅིག་མཁས་ཅན་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། གཙོ་བོ་གཞི་རིམ་མང་ཚོགས་ལ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་སོགས་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བཞིན་ཡོད། ཉེ་ཆར། ཚོགས་པ་དེའི་བློ་མཐུན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྒྲོག་འགྲེལ་བྱས་ཚུལ་སྙན་སེང་ཞུས་པ་དང་འབྲེལ། ཏང་ཡོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་དང་ཧྲང་ཧའེ་ཡི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ཆེད་ལེཊ་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་ཡོད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社