ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་དམིགས་པ་ལྔའི་ལྟེ་བའི་འདུ་ཤེས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་དང་ལེན་ཧུར་ཐག་ཞུས་ནས་སྐྱ་འགྲིབ་ཕོག་པའི་ནད་པའི་འཚོ་བའི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་རྒྱུར་ཧུར་ཐག་འབད་ཐག་བྱས་ཏེ་རོགས་རམ་བྱེད་དགོས་པའི་ནད་པ་ཚང་མར་སྲིད་ཇུས་ཀྱི་དྲོ་སྐྱིད་སྦྱིན་གང་ཐུབ་བྱེད་ཀྱི་ཡོད།
ཉེ་ཆར་མལ་གྲོ་གུང་དཀར་རྫོང་གིས་རང་སྐྱོང་ལྗོངས་སྨན་རྩིས་ཁང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པ་དང་རྫོང་མི་དམངས་སྨན་ཁང་མིག་ནད་ཚན་ཁག་གི་སྨན་དོན་པ་གདན་དྲངས་ནས་མཉམ་དུ་སྐྱ་འགྲིབ་ཕོག་པའི་ནད་པ་6ལ་གཤགས་བཅོས་བྱས་ཏེ་གཤགས་བཅོས་ལམ་ལྷོངས་བྱུང་བ་རེད། སྨན་དོན་པས་གཤགས་བཅོས་མ་བྱས་གོང་གི་བརྟག་དཔྱད་ཞིབ་ཕྲ་དང་གཤགས་བཅོས་བྱེད་ཐབས་རང་གཤིས་ཅན་ནས་གཤགས་བཅོས་ཁྲོད་ཀྱི་ཞིབ་ཚགས་བཀོལ་སྤྱོད་དང་གཤགས་བཅོས་རྗེས་ཀྱི་བདག་སྐྱོང་ཞིབ་ཚགས་བཅས་ཀྱི་ལྷུ་ཚིགས་ཚང་མར་དམ་འཛིན་ནན་པོ་བྱས་ཏེ་གཤགས་བཅོས་ཀྱི་བདེ་འཇགས་དང་ཕན་འབྲས་འགན་ལེན་བྱས་པ་རེད། གཤགས་བཅོས་བྱས་རྗེས་ཀྱི་ཉིན་དང་པོར་ནད་པ་དྲུག་པོར་བསྐྱར་བཤེར་བྱས་པས་མི་རྣམས་དགའ་འོས་པ་ཞིག་ནི་ནད་པ་དྲག་སྐྱེད་ཡག་པོ་བྱུང་ཡོད།
སྐྱ་འགྲིབ་བསྐྱར་མཐོང་གི་གཤགས་བཅོས་དེས་ནད་པའི་སེམས་ནང་གི་རེ་བའི་འོད་སྣང་སླར་ཡང་འཕྲོ་ཐུབ་པ་བྱུང་སྟེ་ཁོང་ཚོས་སླར་ཡང་འོད་སྣང་མཐོང་བ་དང་འཚོ་བའི་སྤྲོ་སྣང་དང་ལ་རྒྱ་སླར་ཡང་མངོན་ཐུབ་པ་བྱུང་ཡོད། ད་ཐེངས་ཀྱི་གཤགས་བཅོས་ནི་དམིགས་པ་ལྔའི་ལྟེ་བའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་པ་ཞིག་ཡིན་པར་མ་ཟད། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད།
གཤགས་བཅོས་ལམ་ལྷོངས་བྱུང་བ་དེས་མལ་གྲོ་གུང་དཀར་རྫོང་མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་དང་དམངས་འཚོའི་བདེ་རྩ་ཆེ་རུ་འགྲོ་རྒྱུ་མ་ཟད། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུཊ་ལེགས་སྐྱེས་སུ་ཕུལ་བ་ཞིག་ཀྱང་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社