分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པའི་ཐོག་ནས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་ལས་དོན་ཁག་དང་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་སྟེ།

འགན་འཁྲི་ཏན་ཏིག་འཁུར་དགོས་ཤིང་། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ནས་འགོ་ཁྲིད་ཀྱི་འགན་འཁྲི་དང་།ལྟ་སྐུལ་དོ་དམ་གྱི་འགན་འཁྲི།ས་ཁོངས་ཀྱི་འགན་འཁྲི་བཅས་དོན་འཁྱོལ་ནན་པོ་བྱས་ཏེ་བདེན་པ་བདེན་ཐུབ་ཀྱི་སྙིང་སྟོབས་དང་།ཕར་ཆིན་རྒྱག་པའི་སྙིང་སྟོབས།གཟབ་ནན་གྱི་རྣམ་འགྱུར་བཅས་ཀྱི་ཐོག་ནས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་།ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།

སྐུལ་འདེད་ཤུཊ་ཆེན་གཏོང་དགོས་ཤིང་། དུས་ཚོད་ནི་ལས་ཆོད་དང་དུས་ཚོད་ནི་ཚེ་སྲོག་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ལས་ཀ་རེ་རེ་བྱས་ན་བྱ་བ་རེ་རེ་འགྲུབ་པའི་ངར་ཤུགས་ཀྱི་ཐོག་ནས་རྣམ་གྲངས་ཀྱི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ་དང་།ནུས་ཤུགས་ཡོད་རྒུས་མདུན་དུ་སྐྱོད་པ་དང་མྱུར་ཚད་མགྱོགས་སུ་བཏང་ནས་རྒྱུན་སྲོལ་ལས་བརྒལ་བའི་བྱ་ཐབས་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས།

སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། ལྐོག་ཞིབ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་ཁྱེར་འཛུགས་སྐྲུན་དོ་དམ་ལས་དོན་གང་དུ་སྤེལ་ན་ལྟ་སྐུལ་ཞིབ་བཤེར་ཡང་དེར་སྤེལ་དགོས་པ་དང་།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་།རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་པ།དམངས་འཚོའི་འདུ་འགོད་རྩེ་གྲ་ཧུར་ཐག་གཏོད་པ་བཅས་བྱས་ནས་ལས་བྱེད་མང་ཚོགས་ལ་འཚོ་སྡོད་དང་བྱ་གཞག་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བཅས་སོ།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190514.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་གྲོང་ཁྱེར་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->