分享按钮

ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱས་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་པ།

(པར་ངོས་དང་པོར་མཐུད)མ་ཟད་འཕྲིན་ཕྲན་གྱི་འཚོ་བའི་གྲོན་འཇལ་དང་། ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྐད་འཕྲིན་སྤྱི་རྟགས། ལྷ་སའི་སྲིད་དོན་ཞབས་ཞུའི་དམངས་ཕན་ཞབས་ཞུ། དབྱིས་གཏོང་སྤྲོད། འཛུགས་སྐྲུན་དངུལ་ཁང་། ཞིང་ལས་དངུལ་ཁང་། སྤྲིན་རྩིས་མྱུར་སྤྲོད། གཏོང་སྤྲོད་འབོ་སོགས་དྲ་ཐོག་དངུལ་སྤྲོད་ཀྱི་ཐབས་ལམ་ཤར་གཏོང་བྱས་པས་གྲོང་མིས་དྲ་ཐོག་ནས་འབར་རླངས་ཀྱི་གྲོན་དངུལ་འཇལ་ཆོག་གི་ཡོད་པ་རེད། གྲོང་མི་དབྱང་མིང་ལིན་གྱིས་སྡོད་ས་ཐག་ཉེ་བས།ང་རྒྱུན་དུ་དངོས་གཞིའི་ཞབས་ཞུའི་ས་ཚིགས་སུ་འབར་རླངས་ཀྱི་གྲོན་དངུལ་འཇལ་བར་འགྲོ་ཡི་ཡོད། གནད་དོན་གང་ཡོད་ཀྱང་ལས་དོན་པར་སྐད་ཆ་དྲིས་ན་འགྲིག ཁོང་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་འགྲེལ་བཤད་རྒྱག་གི་ཡོད་ལ་ལས་ཀའི་རྣམ་འགྱུར་ཡང་ཡག་པོ་འདུག་ཅེས་བཤད།

ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་དང་འབར་རླངས་མཁོ་འདོན་གྱི་རིན་གོང་གི་ཚད་གཞིའི་ཐད། 2014ལོའི་ཟླ་12ཚེས་1ཉིན། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《ལྷ་ས་གྲོང་ཁྱེར་གྱི་དྲོད་རླངས་དང་འབར་རླངས་མཁོ་འདོན་གྱི་རིན་གོང་ལེགས་སྒྲིག་བྱ་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན》གཤམ་སྤེལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འབར་རླངས་མཁོ་འདོན་གྱི་ཡུལ་མིའི་དུད་ཚང་དང་ཡུལ་མི་མིན་པའི་དུད་ཚང་གི་འབར་རླངས་སྤྱོད་པའི་རིན་གོང་ཚད་གཞི་ཁ་གསལ་བཟོས་ཡོད་པ་རེད། ཡིག་ཆར་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པའི་ཉིན་ནས་བཟུང་། དམངས་འཚོ་འགན་ལེན་གྱི་ཁེ་ལས་ཤིག་ཡིན་པའི་ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་ཐོག་མཐའ་བར་གསུམ་དུ་ཡིག་ཆའི་བླང་བྱ་གཞིར་བཟུང་ལག་བསྟར་ནན་པོ་བྱས་ནས་ད་བར་རིན་གོང་སྤར་མྱོང་མེད་པ་རེད། ཀུང་ཞུའེ་ཚུའེ་ཡིས་འབར་རླངས་ཀྱི་གྲོན་དངུལ་འཇལ་ཐབས་ཐད་མིག་སྔར་དྲ་ཐོག་དང་དྲ་ཕྱི་རིགས་གཉིས་ཡོད། གལ་ཏེ་གྲོང་མིས་ཁ་ཆད་བྱས་ཏེ་འབར་རླངས་གཏོང་འདོད་ཡོད་ཚེ་96188ལ་ཁ་པར་བརྒྱབ་ནས་ཁ་ཆད་བྱེད་ཆོག་ལ་ལྷ་ས་གྲོང་ཁྱེར་སེམས་དྲོད་འབར་རླངས་དྲོད་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་སྐད་འཕྲིན་སྤྱི་རྟགས་བརྒྱུད་ནས་དྲ་ཐོག་ཏུ་འབར་རླངས་སྒྲིག་སྦྱོར་དང་། འབར་རླངས་སྔོན་མངགས་ཤར་གཏོང་། བདེ་འཇགས་ཞིབ་བཤེར་སོགས་ཀྱི་ལས་སྒོ་གཉེར་ཆོག་གི་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སར་འབར་རླངས་སྤྱོད་མཁན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་ཅིང་། མིག་སྔར་དུད་ཚང་ཁྲི་16.26ཟིན་ཡོད་པ་དང་། གྲོང་མི་མིན་པའི་དུད་ཚང་724ཡོད་པའི་ནང་འབར་རླངས་ཤར་གཏོང་ཐུབ་པའི་སློབ་གྲྭ་65ཡོད་པ་རེད། ལྷ་སའི་དྲོད་རླངས་མཁོ་འདོན་གྱི་དུས་ཚིགས་འཆར་ཉེར་ཡོད་པའི་སྐབས་སུ། ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་འབར་རླངས་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་དང་ཉམས་གསོ། མདོང་ལམ་སྲུང་སྐྱོང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ཀྱི་ལས་དོན་སྤེལ་ནས་ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། ཞབས་ཞུ་ལེགས་ཤོས་བཅས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་གྲོང་མིར་བརྟན་པོ་དང་། བདེ་འཇགས། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་དྲོད་རླངས་མཁོ་འདོན་ཐད་འགན་ལེན་བྱེད་བཞིན་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190513.html 1 ལྷ་ས་གྲོང་ཁྱེར་སེམས་དྲོད་ཀུང་སིས་དྲོད་རླངས་མཁོ་འདོན་ལ་འགན་ལེན་བྱས་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་པ། /enpproperty-->