分享按钮

ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་ སྤེལ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ།

(པར་ངོས་གཉིས་པར་མཐུད)ལོ་ལྟར་གྱི་དགུན་ཁར་ང་ཚོས་ཐབ་ཚང་ནང་མེ་གཏོང་གི་ཡོད་མོད། འོན་ཀྱང་ཚོམས་ཆེན་སོགས་ཁང་པ་གཞན་དུ་གྲང་མོ་ཡོད། འདི་ལོའི་དགུན་ཁར་འཁྱགས་དོགས་ཀྱི་སེམས་ཁྲལ་བྱེད་དགོས་མེད་ཅེས་བཤད།

རྡར་འབྲུག་གྲོང་ཚོའི་ཡུལ་མི་དབྱངས་སྒྲོལ་གྱི་ཁྱིམ་དུ་འབྱོར་མ་ཐག་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན་ཡོད། ལས་དོན་པས་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་དབྱངས་སྒྲོལ་ལ་མཐེབ་གནོན་འདི་མནན་ཚེ་ཁ་ཕྱེ་བ་དང་།དྲོད་ཚད་སྙོམས་སྒྲིག་བྱེད་དགོས་ཚེ་མཐེབ་གནོན་འདི་གནོན་དགོས་ཞེས་འགྲེལ་བཤད་བརྒྱབ་པར་ཁོ་མོས་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་ཡོད་པ་དང་།མགོ་བོ་ལྕོག་ལྕོག་བྱེད་བཞིན་དུ་འགྲེལ་བཤད་བྱེད་པའི་ཁྲོད་ལག་ཐོགས་ཁ་པར་བཏོན་ནས་འགག་རྩའི་གོ་རིམ་ཁ་པར་ནང་བརྗེད་ཐོ་བཀོད་ནས་རང་ཉིད་ཀྱིས་གསར་དུ་སྒྲིག་སྦྱོར་བྱས་པའི་དྲོད་འདོན་སྒྲིག་ཆས་རང་གཅིག་པུས་བཀོལ་སྤྱོད་ཐུབ་པའི་འགན་ལེན་ཡང་བྱེད་བཞིན་ཡོད། ལས་དོན་པས་བདེ་འཇགས་ཐོག་བེད་སྤྱོད་བྱེད་པའི་དོན་ཚན་ལ་ནན་བཤད་ཡང་ཡང་བྱས་ནས་ཡུལ་མི་ཚང་མས་བདེ་འཇགས་དང་ནུས་ཆེའི་ངང་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།

རྡར་འབྲུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡེ་ཤེས་རྒྱ་མཚོས་གྲོང་ཚོ་ཡོངས་ལ་དུད་ཚང་116དང་མི་གྲངས་545ཡོད་ཅིང་། དགུན་དུས་སུ་ཅུང་གྲང་མོ་ཡོད། གོང་རིམ་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ང་ཚོའི་གྲོང་ཚོའི་དུད་ཚང་ཚང་མར་རིན་མེད་ངང་དྲོད་རླངས་སྒྲིག་ཆས་སྒྲིག་སྦྱོར་བྱས་པས། ཚང་མའི་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པའི་ཁར་ཡུལ་མི་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190512.html 1 ས་བབ་མཐོ་བའི་ཞིང་འབྲོག་ཁུལ་དུ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་ལས་དོན་ སྤེལ་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་བ། /enpproperty-->