(པར་ངོས་དང་པོར་མཐུད)གཞུང་ལམ་ཁུལ་ཆུང་གི་གྲོང་མི་བདེ་སྐྱིད་ཀྱིས་སྒྱུར་བཀོད་མ་བྱས་གོང་ལུས་སྦྱོང་བྱ་ཡུལ་དུ་ཚང་མ་རྡོ་ཧྲུག་ཡིན་པས།ཁོར་ཡུག་དེ་ཙམ་གྱི་ཡག་པོ་མེད། ད་ཆ་ལུས་སྦྱོང་བྱ་ཡུལ་སྒྱུར་བཀོད་ལེགས་གྲུབ་བྱུང་རྗེས་ཁུལ་ཆུང་གི་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། གྲོང་པ་ཁྱིམ་མཚེས་དབར་གྱི་སྤེལ་རེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་འདི་ནི་འདི་ལོའི་ཟླ་9པའི་ཟླ་སྟོད་དུ་ལག་ལེན་བསྟར་འགོ་ཚུགས་པ་དང་།ཟླ་10ཚེས་15ཉིན་བེད་སྤྱོད་གཏོང་འགོ་ཚུགས་ཡོད། དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་སྡེ་ཁུལ་གྱིས་དུས་འགོར་འཚམས་འདྲི་དང་། བརྟག་ཞིབ། ཚོགས་འདུ། གྲོས་བསྡུར་བཅས་ཐེངས་མང་བྱས་པར་མ་ཟད། སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་དང་གྲོང་མི་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་གྲོང་མིའི་བྱེད་སྒོ་སྤེལ་རྒྱ་ཆེ་རུ་བཏང་བས།ཚང་མའི་ལུས་རྩལ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社