分享按钮

བློ་སྒྲིལ་སེམས་སྐྱེད་ཀྱིས་སེམས་པ་ཏང་ལ་ཕྱོགས།

སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་ཏང་ཨུད་ཀྱིས་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཏང་ཡོན་ལས་བྱེད་པའི་ལས་ཞོར་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡར་བརྩོན་དང་གཤིས་བཟང་གི་སྤྱི་ཚོགས་ཀྱི་དར་སྲོལ་ཟབ་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པས་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པའི་ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་དད་སེམས་སྔར་བས་བརྟན་དུ་གཏོང་བ་བཅས་བྱ་ཆེད། ཟླ་11ཚེས་2ཉིན་གྱི་སྔ་དྲོ། པད་ནག་གྲོང་ཚོའི་ཏང་ཨུད་ཀྱིས་བློ་སྒྲིལ་སེམས་སྐྱེད་ཀྱིས་སེམས་པ་ཏང་ལ་ཕྱོགས་ཞེས་པའི་ཏང་གི་གཙོ་དོན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་འགོ་ཚུགས་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དཔེ་བཟང་བའི་འཐུས་མི་དང་མི་སྒེར་ལ་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། དེ་རྗེས་ཏང་ཡོན་ལས་བྱེད་པས་ཚོགས་ཆུང་ཁག་བགོས་ཀྱིས་ཐེ་པེད་རྒྱག་པ་དང་། རྐུབ་བཀྱག་ཧབ་ཐོབ་རྒྱག་པ། ཀྲུང་གོའི་མིག་མངས་སོགས་རྩེད་འཇོར་རོལ་བ་དེས་ཚང་མའི་ཚོགས་པའི་མཉམ་ལས་ཀྱི་ནུས་པ་དང་གཟུགས་པོའི་བྱང་ཚད་ལ་ཚོད་བགམ་བྱས་པར་མ་ཟད། སྤྲོ་སྣང་བག་ཕེབས་ཀྱི་རྣམ་པའི་ཁྲོད་ཕན་ཚུན་དབར་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་ཕྱིན་ཡོད། པད་ནག་གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་དཔུང་ཁག་གི་ཁོངས་མི་པ་སངས་ནོར་བུས་དེ་རིང་གི་བྱེད་སྒོའི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ་སྤྲོ་སྣང་ཡང་ལྡན་ཞིག་འདུག ལྷུ་ཚིགས་མི་ཉུང་བ་ཞིག་གི་ཁྲོད་ངས་ཚོགས་པའི་སྟོབས་ཤུགས་དང་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་ཚོར་བྱུང་། ཏང་ཡོན་ཞིག་ཡིན་པའི་ངོས་ནས་ངས་མུ་མཐུད་སློབ་སྦྱོང་དང་ལས་ཀ་ཧུར་ཐག་བྱས་ཏེ། པད་ནག་གྲོང་ཚོའི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་མཇུག་འགྲིལ་རྗེས། གྲོང་ཚོའི་ཏང་ཨུད་ཀྱིས་བྱེད་སྒོའི་ནང་ནུས་པ་ཁྱད་འཕགས་འདོན་མཁན་གྱི་མི་སྒེར་དང་ཚོགས་ཆུང་ལ་གཟེངས་བསྟོད་དང་བྱ་དགའ་གནང་བ་རེད། ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོའི་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་ཚང་མའི་ཏང་གཤིས་ཀྱི་འདུ་ཤེས་དང་ཚོགས་པའི་མཉམ་ལས་ནུས་པ་ཆེ་རུ་ཕྱིན་པར་མ་ཟད། གྲོང་ཚོ་འཕེལ་རྒྱས་ཆེད་ཚང་མས་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་སྤྲོ་སེམས་དང་སྒུལ་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད།

སྟག་རྩེ་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན། པད་ནག་གྲོང་ཚོའི་ཧྲུའུ་ཅི་དང་པོ་བཅས་ཡིན་པའི་དཀོན་མཆོག་རྡོ་རྗེས་རྗེས་མར་ང་ཚོས་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་ལས་ཞོར་རིག་གནས་བྱེད་སྒོ་དེ་བས་མང་བ་སྤེལ་ནས་ཏང་ཡོན་ལས་བྱེད་པ་ཚོས་ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་དད་སེམས་སྔར་བས་བརྟན་དུ་གཏོང་རྒྱུ་ཡིན་ཞེས་བཤད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་པད་ནག་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་རྐུབ་བཀྱག་ཧབ་ཐོབ་ཀྱི་རོལ་རྩེད་རྩེ་བཞིན་པའི་རྣམ་པ་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 བློ་སྒྲིལ་སེམས་སྐྱེད་ཀྱིས་སེམས་པ་ཏང་ལ་ཕྱོགས། 6 6 拉萨日报藏文 c190509.html 1 སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོའི་ཏང་ཨུད་ཀྱིས་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->