分享按钮

རང་གྲོང་གི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒན་གསོའི་ཞབས་ཞུའི་ནད་སྐྱོང་བའི་ཆེད་ལས་རྩལ་ནུས་སྔར་བས་མཐོ་རུ་གཏོང་བ་དང་རྒྱ་ཆེའི་རྒན་གསོའི་ནད་སྐྱོང་བའི་ལས་ཀའི་སྤྲོ་སེམས་འཕེལ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་2024ལོའི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་ནད་སྐྱོང་བའི་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་དེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་གཉེར་བ་དང་། རང་གྲོང་གི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་10ཡི་རྒན་གསོའི་ཞབས་ཞུའི་ནད་སྐྱོང་བ་20འགྲན་བསྡུར་ནང་ཞུགས་ཡོད་པ་རེད།

རིཊ་པའི་གཞུང་ལུཊ་ཀྱི་ཤེས་བྱའི་ཡིག་རྒྱུཊ་དང་། བཀོལ་སྤྱོད། རྩལ་ནུས་དཔྱད་ཞིབ། རྩལ་ནུས་བཀོལ་སྤྱོད་བཅས་ཀྱི་ལྷུ་ཚིཊ་སུ་འཚོ་བར་ལྟ་རྟོག་དང་། རྨང་གཞིའི་ལྟ་རྟོག བདེ་ཐང་སླར་གསོའི་ཞབས་ཞུ་སོཊ་ཁག་མང་པོར་དབྱེ་ཡོད་པས། བདམས་ཐོན་པ་ཚོས་རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་སྙིང་གཏམ་ཤོད་ཞོར་དུ་བརྒྱུད་རིམ་གཞིར་བཟུང་ནད་སྐྱོང་རྩལ་ནུས་སྣ་ཚོཊ་བྱང་ཆུབ་པོས་མངོན་པ་དང་། བཀོལ་སྤྱོད་ནན་ཏན་དང་གཟབ་ནན། བྱ་སྤྱོད་ཚད་ལྡན་དང་མཐུན་སྦྱོར་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒན་བཀུར་དང་རྒན་གཅེས་སོགས་ཀྱི་ཀྲུང་ཧྭ་མི་རིཊ་ཀྱི་སྲོལ་རྒྱུན་སྤྱོད་བཟང་གང་ལེགས་མངོན་པར་བྱས་ཡོད།

ལྷུན་གྲུབ་རྫོང་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་ཀྱི་ནད་སྐྱོང་བ་པད་མ་ལྷ་མོས་ད་ཐེངས་ཀྱི་འགྲན་བསྡུར་ལས་རང་ཉིད་རྒན་གསོའི་ནད་སྐྱོང་ལས་ཀ་བྱེད་པའི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་པར་མ་ཟད། རང་ཉིད་ཀྱི་ལས་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཀྱང་དེ་བས་ཁ་གསལ་དུ་ཕྱིན་སོང་། རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལག་ལེན་བྱས་པ་བརྒྱུད་ལས་རིཊ་རྩལ་ནུས་དང་བྱང་ཚད་མུ་མཐུད་མཐོ་རུ་ཕྱིན་ནས་རྒན་རྒོན་དེ་བས་མང་བར་དེ་བས་སྤུས་ལེགས་ཀྱི་ནད་སྐྱོང་ཞབས་ཞུ་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། ལྷ་སའི་དམངས་སྲིད་ཀྱིས་རྒན་གསོའི་ཞབས་ཞུའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་དོ་དམ་པ་དང་རྒན་གསོའི་ནད་སྐྱོང་བ་གསོ་སྦྱོང་བྱེད་པ་དང་། ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། རྒན་གསོའི་ཞབས་ཞུའི་ལས་ཞུགས་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་གཏོད་པ། ཤེས་ལྡན་པ་དེ་བས་མང་བ་རྒན་གསོའི་ཞབས་ཞུའི་ནད་སྐྱོང་བྱ་གཞག་ནང་ཞུགས་པའི་འདུན་པ་དང་སྤྲོ་སེམས་འཕེལ་བ་བཅས་བྱས་ཏེ་རྒན་རྒོན་གྱི་སྣ་མང་ཅན་དང་། རིམ་པ་མང་བ། སྤུས་ཚད་མཐོ་བ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་བསྐངས་ཡོད། ད་ཐེངས་ཀྱི་འགྲན་བསྡུར་དེའང་རྒན་གསོའི་ནད་སྐྱོང་བའི་ཆེད་ལས་རྩལ་ནུས་ལ་དཔྱད་ཞིབ་ཐེངས་གཅིག་བྱས་པ་ཞིག་ཡིན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རིམ་སྤོར་བྱེད་པའི་ལས་སྟེགས་ཤིག་རེད།

ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་རྒན་གསོ་བདེ་ཐང་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕུར་བུ་བཀྲ་ཤིས་ཀྱིས་དེ་རིང་རྒན་གསོའི་ཞབས་ཞུའི་ནད་སྐྱོང་བའི་རྩལ་ནུས་འགྲན་བསྡུར་བྱ་རྒྱུ་ནི་ང་ཚོ་དམངས་སྲིད་ཚན་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རང་གྲོང་གི་རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་ཡིན་པས། ཕྱིས་འབྱུང་ང་ཚོས་འགྲན་བསྡུར་གྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་གྲོང་གི་རྒན་རྒོན་ཚོའི་ཐོབ་སྣང་དང་། བདེ་སྣང་། སྐྱིད་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་བཤད།

ཡུལ་དངོས་སུ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་འགྲན་བསྡུར་ཁྲོད་ཨང་དང་པོ་ནས་བཞི་པའི་བར་གྱི་འགྲན་བསྡུར་བ་དང་། སྔོན་ཐོན་མཉམ་སྡེབ། དེ་བཞིན་རྒན་གསོའི་ཞབས་ཞུའི་ནད་སྐྱོང་པ་ཡག་ཤོས་10ལ་གཟི་བརྗིད་ལག་ཁྱེར་དང་བྱ་དགའ་སྤྲད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190510.html 1 རང་གྲོང་གི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་རྩལ་ནུས་འགྲན་བསྡུར་གྱི་བྱེད་སྒོ་གཉེར་བ། /enpproperty-->