分享按钮

རྒྱལ་ཡོངས་ཀྱི་གློག་དྲའི་ཚད་བརྒལ་ཤོང་གྲུབ་དྲ་རྣམ་གྱི་SVGཐོག་མ་འདམ་གཞུང་ དུ་སྤྱོད་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཆན་ཧྥུའུ་110ཡོད་པའི་འདམ་གཞུང་གློག་སྒྱུར་ས་ཚིགས་སུ་རང་རྒྱལ་གྱི་གློག་དྲའི་ཚད་བརྒལ་ཤོང་གྲུབ་དྲ་རྣམ་SVGརྣམ་གྲངས་ཐོག་མ་དེ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེ་ནི་ལག་རྩལ་འདི་ཉིད་རང་རྒྱལ་དུ་སྤྱོད་ཐེངས་དང་པོ་ཡིན་པ་རེད། ལས་གྲྭ་དེ་སྤྱོད་འགོ་ཚུགས་པ་དེས་བོད་ལྗོངས་ནག་ཆུའི་གློག་དྲའི་ནུས་རྒྱུ་གསར་པའི་ཆན་ཝ་ཁྲི་2.9ཙམ་བསྡུ་ལེན་བྱེད་ནུས་ཆེ་རུ་ཕྱིན་ནས་འདི་ལོའི་དགུན་དུས་ཉེ་འཁོར་གྱི་གྲོང་མིའི་འཚོ་བ་དང་དྲོད་ལེན་གློག་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད།

འདམ་གཞུང་གི་དྲ་གྲུབ་རྣམ་པའིSVGརྣམ་གྲངས་དེ་ས་བབ་མཐོ་ཚད་ལ་སྨི་4300ཙམ་ཟིན་ཞིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་གཙོ་གནད་མཁོ་སྤྲོད་འགན་ལེན་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས། ཀུང་སིས་དམིགས་ཚད་མཐོ་ལ་ནུས་ཤུགས་ཡོད་རྒུས་འཆར་འགོད་གཏན་འཁེལ་དང་། སྤུས་ཚད་ནན་པོ། དོ་དམ་ལེགས་པོ། གཙོ་གནད་ལ་དམ་འཛིན། དཀའ་གནད་འགག་སྒྲོལ་བཅས་ཚད་བརྒལ་དུ་བྱས་ཏེ་བདེ་འཇགས་ལྟ་སྐུལ་དང་། སྐྱེལ་འདྲེན་ཞིབ་དཔྱད། བཀོད་གཏོང་། འཛུགས་སྐྲུན། དངོས་ཟོག་སོགས་ཆེད་ལས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། “eརྨང་གཞིའི་འཛུགས་སྐྲུན”དང“གནད་སྨིན་དྲུག་དང་ཅན་བཞིའི”དོ་དམ་གཏིང་ཟབ་ཏུ་བཏང་ནས་དུས་ཡུན་ཟླ་5ལས་མ་འགོར་བར་བདེ་བླག་ངང་འཁོར་སྐྱོད་ལེགས་གྲུབ་བྱུང་བ་དེ་ནི་མིག་སྔའི་བར་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་ལག་རྩལ་དང་། ས་བབ་མཐོ་ཤོས། འདེགས་སྐྱོར་ཤུགས་ཆེན་བཅས་ཀྱི་གློག་དྲ་མཁོ་སྤྲོད་འགན་ལེན་གྱི་ལས་གྲྭ་ཞིག་ཡིན་པ་རེད།

རྣམ་གྲངས་དེས་དཔེ་དུམ་ཅན་གྱི་གློག་མང་སྙོམས་བརྗེའི་འཕྲུལ་ཆས་དང་ཚད་བརྒལ་ཤོང་གསབ་གྲུབ་ཆའི་མཉེན་གཤིས་ཐད་རྒྱུག་ཁྱབ་ཁོངས་ཀྱི་ལག་རྩལ་གསར་ཤོས་ཐོག་མར་སྤྱད་པ་དང་། རིམ་འདས་གློག་ཤོང་དང་ས་བབ་མཐོ་བའི་IGBT(འབྲེལ་གཅོད་ར་བའི་སྣེ་གཉིས་ཤེལ་གཟུགས་སྦུ་གུ)ལྷུ་ལག་ཆེ་གྲས་ཀྱིས་རང་རྒྱལ་གྱི་གློག་ཤུགས་ལས་རིགས་ཀྱི་རྩེར་སོན་ལག་རྩལ་སྒྲིག་ཆས་མཚོན་པ། གློག་ཤུགས་ཁ་གསབ་སྒྲིག་ཆས་དེར་འདེགས་སྐྱོར་བྱེད་པའི་ལག་རྩལ་གྱི་སྟོང་ཆ་གསབ་པ་བཅས་རེད།

SVGནི་འགྱུར་མེད་རྩོལ་མེད་འབྱུང་ཆས་ཀྱི་དབྱིན་ཡིག་གི་བསྡུས་འབྲི་ཞིག་ཡིན་ལ། སྲོལ་རྒྱུན་གྱི་གློག་ཤུགས་དང་གློག་རྡུལ་གྱི་སྒྲིག་ཆས་ཤིག་ཀྱང་ཡིན། གློག་དྲའི་འཁོར་སྐྱོད་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད། གློག་དྲའི་ཚད་བརྒལ་ཤོང་གྲུབ་དྲ་རྣམ་SVGདེ་སྲོལ་རྒྱུན་གྱི་དྲ་གྲུབ་རྣམ་པའིSVGདང་བསྡུར་ཚེ། ནུས་ཚད་མཐོ་བ་དང་། གློག་གསོག་པ་དང་གློག་ཚད་གཏོང་མགྱོགས་པའི་གློག་སྣོད་ཅིག་བསྣན་ཡོད་པས། ཐེག་ཚད་ལས་བརྒལ་བ་དང་། དང་ལེན་མགྱོགས་པ། འདེགས་སྐྱོར་གྱི་ཁྱད་ཆོས་ལྡན་ཡོད་པས། འདི་ནི་གཏན་འཇགས་ཀྱི་ཁེར་ཚུགས་གློག་ཁུངས་ཤིག་ཡིན་ཞིང་། རང་འགུལ་གྱིས་གློག་གནོན་དང་ཟློས་ཕྱོད་སྙོམས་སྒྲིག་བྱེད་བཞིན་ཡོད། གློག་དྲའི་མ་ལག་སྐྱོན་ཤོར་སྐབས། དྲ་གྲུབ་རྣམ་པའིSVGཡིས་རིམ་འདས་གློག་ཤོང་ཆས་ཀྱིས་གསོག་ཉར་བྱས་པའི་ནུས་ཚད་ཕྱིར་གཏོང་བྱས་པ་བརྒྱུད་རང་ངོས་ཀྱི་གློག་གནོན་འབྱུང་ཁུངས་ཀྱི་ཁྱད་ཆོས་དང་གློག་དྲའི་གློག་གནོན་རྒྱུན་འཁྱོངས་བྱེད་པར་འགྱུར་བ་ཡོང་གི་མེད། མགྱོགས་མྱུར་ངང་མ་ལག་གི་གློག་གནོན་སླར་གསོ་བྱེད་ཐུབ་པ་དང་། གློག་ཤུགས་མ་ལག་གི་གཏན་འཇགས་རང་བཞིན་རྒྱུན་འཁྱོངས་བྱེད་ཐུབ་པས་དེ་ནི་ས་ཁོངས་གློག་དྲའི་གློག་འདོན་ནུས་པ་མཐོར་འདེགས་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན།

སླད་ཕྱིན་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་དེང་རབས་སྒྲིག་ཆས་དོ་དམ་མ་ལག་གི་བླང་བྱ་མུ་མཐུད་དོན་འཁྱོལ་བྱས་ནས་འགན་འཁྲི་འཁུར་ཕོད་པར་བྱས་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་ཐོག་ནས་འདམ་གཞུང་གི་དྲ་གྲུབ་རྣམ་པའི་SVGསྐྱེལ་འདྲེན་ཞིབ་བཤེར་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-06 6 6 拉萨日报藏文 c190504.html 1 རྒྱལ་ཡོངས་ཀྱི་གློག་དྲའི་ཚད་བརྒལ་ཤོང་གྲུབ་དྲ་རྣམ་གྱི་SVGཐོག་མ་འདམ་གཞུང་ དུ་སྤྱོད་འགོ་ཚུགས་པ། /enpproperty-->